ལི་རྫོང་གིས་6.26དུག་འགོག་སློབ་གསོའི་ཁྱབ་བསྒྲགས་བྱེད་སྒོ་སྤེལ།

ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 06-29



        6.26རྒྱལ་སྤྱི་དུག་འགོག་ཉིན་མོར། ལི་རྫོང་སློབ་གསོ་ཁོངས་གཏོགས་ལས་ཁུངས་ཁག་གིས་རྣམ་པ་ཕུན་སུམ་ཚོགས་པའི་དུག་འགོག་ཁྱབ་བསྒྲགས་བྱེད་སྒོ་སྤེལ།

        རྫོང་སློབ་གསོ་ཅུས་དང་ཡིང་ཕན་ཅེ་སློབ་ཆུང། ལི་རྫོང་སློབ་འབྲིང་བཅས་ཀྱི་དགེ་སློབ་ཁག་རྗོང་ཏང་ཨུ་དང་སྲིད་གཞུང་གིས་གཙོ་སྒྲུབ་གནང་པའི་དུག་འགོག་བྱེད་སྒོར་ཞུགས་ཏེ། རིག་རྩལ་འཁྲབ་སྟོན་དང་དུག་འགོག་མིང་འགོད་བྱས། ད་དུང་སློབ་གྲྭ་གཞན་པ་ཁག་གིས་གསུང་བཤད་སྤེལ་བའི་བྱེད་ཐབས་སྤྱད་དེ“དུག་རྫས་རིང་གྱེས། འཚོ་བ་བདེ་ཐང་། ”ཞེས་པ་བརྗོད་སྙིང་དུ་བཟུང་ནས་བྱེད་སྒོ་སྤེལ། དེ་མིན་ཁྲིམས་ལུགས་སློབ་གསོའི་སློབ་གཙོ་གཞོན་པ་གདན་ཞུ་བྱས་ནས་དུག་འགོག་འབྲེལ་བའི་འཆད་ཁྲིད་སྤེལ་བར་མ་ཟད། ཁྱབ་བསྒྲགས་ཡིག་ཆ་བཅས་འགྲེམ་སྤེལ་བྱས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1