མཐེ་བོང་ཀེར་སྲོལ།

པ་གོང་དབང་འདུས། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-17


བོད་མིས་དོན་གང་ཞིག་ལ་ཡག་སྡུག་གི་རྣམ་འགྱུར་མཚོན་དགོས་པ་དང་། དོན་གང་ཞིག་ལ་འུ་ཐུག་གི་ཞུ་བ་འཐེན་དགོས་པ་བཅས་ལ་མཐེ་བོང་དང་མཛུབ་ཆུང་ཀེར་བའི་སྲོལ་ཞིག་ཡོད་པ་སྟེ། དོན་གང་ཞིག་འགྲིག་འདུག་ཅེས་བསྔགས་བརྗོད་བྱ་དགོས་ན།  མཐེ་བོང་ཀེར་ནས་བསྔགས་བརྗོད་ཀྱི་རྣམ་འགྱུར་མཚོན་པར་བྱེད་ལ། ཡང་དོན་གང་ཞིག་མ་འགྲིག་པ་དང་སྡུག་པ་ཞིག་ཡིན་ཕྱིན་མཛུབ་ཆུང་ཀེར་ནས་ཡག་པོ་མིན་པའི་རྣམ་འགྱུར་མཚོན་པར་བྱེད་ཅིང་། འུ་ཐུག་ནས་ཞུ་འབོད་བྱེད་དགོས་པའི་དོན་གང་ཞིག་ཡིན་ཕྱིན་མཐེ་བོང་གཉིས་ཀ་ཀེར་ཏེ་ཞུ་བ་འཐེན་པའི་རྣམ་འགྱུར་མཚོན་པར་བྱེད་ཀྱིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1