ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཞང་ཀང་དུ་སྡོད་པའི་དམག་དཔུང་ལ་གཟིགས་ཞིབ་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-03


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉི་ཤུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཞང་ཀང་དུ་སྡོད་པའི་དམག་དཔུང་ལ་གཟིགས་ཞིབ་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཞང་ཀང་དུ་སྡོད་པའི་དམག་དཔུང་གི་བཀོད་འཐབ་པ་ཡོངས་ལ་བརྩེ་བའི་འཚམས་འདྲི་ཞུས། ཁོང་གིས་ནན་གྱིས་བསྟན་དོན། ཏང་གིས་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལ་སྣེ་ཁྲིད་བྱས་ཏེ། མགོ་ཚུགས་ས་གསར་བ་ནས་ཞང་ཀང་དུ་སྡོད་པའི་དམག་དཔུང་གི་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། བློ་ཐག་རྦད་ཆོད་སྒོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་བཅའ་སྡོད་དམག་དཔུང་གི་བཅའ་ཁྲིམས་ལག་བསྟར་བྱས་ནས། བློ་ཐག་རྦད་ཆོད་སྒོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་ཞང་ཀང་གི་དར་རྒྱས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས། 
        ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ཉི་ཤུའི་སྟེང་ཞི་ཅིན་ཕིང་ཧྲི་ཀང་སྒར་ཁུལ་དུ་སོང་ནས་ཞང་ཀང་དུ་སྡོད་པའི་དམག་དཔུང་ལ་གཟིགས་ཞིབ་གནང་། གཟིགས་ཞིབ་མཇུག་རྫོགས་རྗེས། ཞི་ཅིན་ཕིང་གིས་ཞང་ཀང་དུ་སྡོད་པའི་དམག་དཔུང་གི་ལས་ཁུངས་དང་ཐད་གཏོགས་ཀྱི་ལས་ཁུངས་ཀྱི་མདའ་ཤོག་ཡན་གྱི་ལས་བྱེད་པར་ཐུག་འཕྲད་བྱས་པར་མ་ཟད་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག
        དེར་མཐུད་ནས་ཞི་ཅིན་ཕིང་གིས་ཞང་ཀང་དུ་སྡོད་པའི་དམག་དཔུང་གི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད་གཏམ་གལ་ཆེན་བཤད། ཁོས་བཤད་རྒྱུར། ལོ་ཉི་ཤུའི་རིང་ལ། ཞང་ཀང་དུ་སྡོད་པའི་དམག་དཔུང་གིས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་མཛུབ་སྟོན་ལག་བསྟར་བྱས་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་བཅའ་སྡོད་དམག་དཔུང་གི་བཅའ་ཁྲིམས་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། འགོག་དོན་དཀྱིལ་སྙིང་ཡིན་པའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་པ་དང་རང་རེའི་དམག་དཔུང་གི་ཟིལ་ཤུགས་སྣང་བརྙན་མངོན་པར་བྱས་པས། རྒྱ་ཆེའི་ཞང་ཀང་སྤུན་ཟླའི་གཟེངས་བསྟོད་ཆེན་པོ་ཐོབ་ཅེས་གསུངས།།


རྩོམ་ཡིག་སྔོན་མ།
བསྟན་པ་དབང་མོ།
རྩོམ་ཡིག་རྗེས་མ།
བསྟན་པ་དབང་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1