ཝང་ཏུང་མིང་གིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་བ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-06


 
       སྤྱི་ཟླ་7པའི་ཚེས་3ཉིན་ནས་ཚེས་5བར།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དཀར་མཛེས་ཁུལ་དུ་རྟོག་ཞིབ་ཏུ་ཕེབས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་དོན་འཁྱོལ་ཡོང་བ་སྐུལ་འདེད་གནང་བ་རེད།  
        ཝང་ཏུང་མིང་གིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པས་མཛེས་སྡུག་དང་འབྱོར་ཕྱུག  འཆམ་མཐུན་བཅས་ལྡན་པའི་སི་ཁྲོན་ཞིག་འཛུགས་སྐྲུན་བྱེད་པའི་འཆར་འགོད་བྱས་པ་དང་ལོ་རྒྱུས་ཀྱི་འགོ་བཙུགས་ས་གསར་པ་ནས་མུ་མཐུད་དུ་མདུན་སྐྱོད་དང་ཡར་ཐོན་བྱེད་པར་སྐུལ་སློང་བྱེད་པའི་བཀའ་བསྒྲགས་པ་རེད།  ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་སོགས་བྱ་དགོས་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གསར་པ་དང་།  བསམ་བློ་གསར་པ།  འཐབ་ཇུས་གསར་པ་བཅས་ཀྱིས་ཁྱོན་ཡོངས་ནས་སི་ཁྲོན་ལེགས་སྐྱོང་དང་།  གོམ་གང་མདུན་སྤོས་ཀྱིས་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་དོན་ཐད་ཀྱི་མཛུབ་སྟོན་བསམ་བློར་ངོས་ཤེས་ཇེ་ཟབ་གཏོང་བ།  ཁྱོན་ཡོངས་ནས་འདུན་པ་གཅིག་དང་མཆོང་སྐྱོད་གཉིས།  འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ་གྱི་སྤྱི་ཁོག་འཆར་འགོད་ལ་གོ་བ་ལོན་པ་དང་སྔར་ལས་ལྷག་པར་སྤྱི་ཡོངས་ནས་གནས་ངེས་གཏན་བྱེད་པ།  དངོས་ཡོད་གནས་ཚུལ་དང་བསྟུན་ནས་འབྱུང་འགྱུར་ལ་འཆར་འགོད་བྱེད་པ།  ཁྱོན་ཡོངས་ནས་བཅོས་སྒྱུར་གསར་གཏོད་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་སོགས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དང་སྔར་ལས་ལྷག་པར་བློ་སྟོབས་བཅངས་ནས་ཀྲུང་དབྱང་གི་སྲིད་ཇུས་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དོན་འཁྱོལ་ཡོང་བར་བྱེད་པ།  སི་ཁྲོན་ལེགས་སྐྱོང་ཐད་གྲུབ་འབྲས་ཆེན་པོ་ལོན་པར་སྐུལ་འདེད་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁའི་དུས་རིམ་འདི་ལ་བྱས་རྗེས་གསར་པ་འཇོག་དགོས་ཞེས་གསུངས། 
        རྟོག་ཞིབ་ཁྲོད་ཝང་ཏུང་མིང་གིས་གནོད་འགོག་བགེག་སེལ་དང་ཐོན་ལས་བདེ་འཇགས།  ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁྲོད་ཀྱི་གནད་དོན་ལེགས་བཅོས་སོགས་ཀྱི་ལས་དོན་ཐད་ནས་གོམ་གང་མདུན་སྤོས་ཀྱིས་བླང་བྱ་བཏོན།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1