ཏེན་ཞའོ་ཀང་གིས་རྔ་བ་ཁུལ་དུ་རྟོག་ཞིབ་གནང་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-07


        ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། སྤྱི་ཟླ7པའི་ཚེས་3ཉིན་ནས་ཚེས4ཉིན་གྱི་བར་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེན་ཞའོ་ཀང་རྔ་བ་ཁུལ་དང་འབར་ཁམས། ལི་རྫོང་། ཝུན་ཁྲོན་བཅས་སུ་རྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་ནས། ཁུལ་དང་རྫོང་། གྲོང་ཁྱེར་གཞི་རིམ་བཅས་ཀྱིས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་དང་། མིག་སྔར་གྱི་རྣམ་གྲངས་སོ་སོའི་གཙོ་གནད་ལས་ཀ་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་།
        ཏེན་ཞའོ་ཀང་གིས་འབར་ཁམས་གྲོང་ཁྱེར་གྱི་དམ་པ་ཡུལ་ཚོའི་འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་རྒན་པ་དང་དབུལ་ཕོངས་དུད་ཚང་ལ་མཚམས་འདྲི་གནང་སྟེ། ཡུལ་དངོས་ནས་སྡེ་བའི་ཐུན་མོང་གི་ནོར་ལུག་གསོ་སྤེལ་རྟེན་གཞི་ལ་ལྟ་ཞིབ་བྱས་པར་མ་ཟད་གྲོས་ཚོགས་བསྡུས། ཕན་ཚུན་མཉམ་འགུལ་གྱི་བྱེད་ཐབས་དང་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་ཀའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་སྒྲོག་འགྲེལ་བྱས། 
        རྔ་བ་ཁུལ་དུ་ཏེན་ཞའོ་ཀང་གིས་རྔ་བ་ཁུལ་དང་འབར་ཁམས་གྲོང་ཁྱེར་གྱིས་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཚོགས་འདུར་གཙོ་སྐྱོང་གནང་། ཁོང་གིས་དམ་འཛིན་ནན་མོ་དང་གཞན་འགྱུར་ལ་སྐུལ་སྤེལ། བྱ་བར་སྐུལ་འདེད་གཏོང་བ་བཅས་ཟུང་འབྲེལ་བྱས་ནས། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་དེ་ལས་ཀར་སྐུལ་འདེད་གཏོང་བའི་དོན་དངོས་ཀྱི་བྱ་སྤྱོད་དང་ལས་དོན་ལ་ཕན་འབྲས་དངོས་ཐོབ་པར་བསྒྱུར་དགོས། དབུལ་བྲལ་འགག་སྒྲོལ་ལ་སྐུལ་འདེད་དང་། ཐོན་ལས་ཀྱིས་དབུལ་སྐྱོར་དང་སློབ་གསོའི་དབུལ་སྐྱོར། ལས་ཞུགས་ཀྱིས་དབུལ་སྐྱོར་བྱེད་པ་བཅས་ལ་མཐོང་ཆེན་བྱས་ཏེ་མི་འདང་ས་ཁ་གསབ་བྱས་ནས། ད་ལོའི་དམིགས་ཡུལ་འོས་འགན་ཁག་ལེགས་འགྲུབ་ཡོང་བར་བྱ་དགོས། ལས་ཀ་ནན་སྒྲུབ་དང་གསར་སྐྲུན་གསར་སྤེལ། དོན་དངོས་ཐོག་བྲུབ་འགོག་གནོད་སེལ་བྱེད་པ་བཅས་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས་ས་གཤིས་གནད་འཚེ་སོགས་མི་མངོན་པའི་རྐྱེན་ངན་ལ་ཞིབ་བཤེར་བྱེད་པ་དང་། གཏིང་གཟབ་སྒོས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་ཐག་གཅོད་བྱས་ནས། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏང་དགོས། ཁ་བྲལ་རང་ལུགས་ལ་ངོ་རྒོལ་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་པ་དང་། གཏིང་གཟབ་སྒོས་ཁྲིམས་ལྟར་དགོན་པ་བཅོས་སྐྱོང་བྱེད་པར་སྐུལ་འདེད། མི་རིག་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་ཁག་ཐེག་བྱ་དགོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་དང་སྒྲིག་ལམ་ནན་སྲུང་བྱས་ཏེ། གོམ་གང་མདུན་སྤོས་སྒོས་བོད་ཁུལ་གྱི་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ནས། བྱ་བཞག་སྒྲུབ་པ་དང་ལས་སྐྲུན་བྱེད་པར་སྐུལ་སློང་བྱས་ཏེ་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་བྱེད་པར་སྔར་ལས་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན་པ་རེད།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1