དཀར་མཛེས་ཁུལ་གྱིས《ཀྲུང་ལུགས་གསོ་རིག་གི་སྨན་བཅོས་བྱེད་ཐབས》ཀྱི་ཁྱབ་བསྒྲགས་བྱེད་སྒོ་སྤེལ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-12


        ཉེ་ལམ། དཀར་མཛེས་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་དང་དར་མདོ་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས། དེ་མིན་དཀར་མཛེས་ཁུལ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་བཅས་ཀྱིས་མཉམ་དུ་ཁྱོན་ཡོངས་ནས《ཀྲུང་ལུགས་གསོ་རིག་གི་སྨན་བཅོས་བྱེད་ཐབས》ལག་བསྟར་བྱས་ཏེ། བདེ་ཐང་གི་དཀར་མཛེས་གསར་པ་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་ཞེས་པའི་ཁྱབ་བསྒྲགས་བྱེད་སྒོ་དར་མདོ་མཛའ་གཞས་ཐང་ཆེན་ཏུ་སྤེལ།
        བྱེད་སྒོའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་ཡོངས་ཀྱིས་དཀར་མཛེས་ཁུལ་གྱི་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་འཕེལ་རྒྱས་རྒྱུས་ལོན་དང་དོ་སྣང་བྱེད་པ་དང་། 《ཀྲུང་ལུགས་སྨན་རིག་གི་སྨན་བཅོས་བྱེད་ཐབས》ཀྱི་སྤྱི་ཚོགས་ཤུགས་རྐྱེན་ཆེར་བཏང་ནས་དཀར་མཛེས་ཁུལ་གྱི་བོད་ལུགས་གསོ་རིག་དང་ཀྲུང་ལུགས་རྩྭ་སྨན་གཉིས་ཀྱི་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་དེ་རེད།། 


རྩོམ་ཡིག་རྗེས་མ།
༄༅།། རང་ལམ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1