དག་པ་གྲོང་ཚོས་རྫ་བཟོའི་ལག་ཤེས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་སྐྱོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ། སྤེལ་དུས། 07-18


 
        སྤྱི་ལོ་2006ལོར་མལ་གྲོ་གུང་དཀར་རྫོང་དག་པ་གྲོང་ཚོའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་རྫ་བཟོའི་ལག་ཤེས་བོད་ལྗོངས་ཀྱི་ཁག་དང་པོའི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཅུག་པ་དང་།  སྲོལ་རྒྱུན་གྱི་ལག་རྩལ་དེ་སྲུང་སྐྱོབ་བྱེད་པ་དང་ས་ཆ་དེ་གའི་མང་ཚོགས་ཕྱུག་འགྱུར་ཡོང་ཆེད།  སྤྱི་ལོ་2009 ལོར་མལ་གྲོ་གུང་དཀར་རྫོང་གིས་སྒོར་ཁྲི་ཚོ་100 ལྷག་ཙམ་བཏང་ནས་རྫ་བཟོའི་བཟོ་གྲྭ་ཞིག་བཙུགས་པ་མ་ཟད།  ལོ་ལྟར་རྫ་ཆས་ལ་སོ་གཏོང་ཤེས་མཁན་མི་གཉིས་ཡན་བདམས་ནས་ནང་སར་ཟབ་སྦྱོང་དུ་བཏང་གི་ཡོད་པ་དང་།  ནང་སའི་སྔོན་ཐོན་གྱི་རྫ་བཟོའི་ལག་རྩལ་དང་བོད་ཀྱི་སྲོལ་རྒྱུན་ལག་ཤེས་གཉིས་ཟུང་འབྲེལ་བྱས་ཏེ་རིམ་བཞིན་རྫ་བཟོའི་ལག་ཤེས་ཕུལ་དུ་ཕྱིན་པའི་མི་སྣ་ཁག་ཅིག་གསོ་སྐྱོང་བྱས་ཡོད།  ད་ཆ་དག་པ་གྲོང་ཚོའི་སྤུས་ལེགས་རྫ་ཆས་ལྗོངས་ཕྱི་ནང་དུ་ཕྱིར་འཚོང་བྱེད་ཀྱི་ཡོད་པ་དང་།  ས་གནས་དེ་གའི་མང་ཚོགས་མི་ཉུང་བ་ཞིག་གིས་རྫ་མ་བཟོ་བ་དང་ཕྱིར་འཚོང་ལ་བརྟེན་ནས་འཚོ་བ་ཡང་ཕུན་སུམ་ཚོགས་པོ་སྐྱེལ་བཞིན་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1