ལྷའི་ཞིང་ཁམས། རབ་མཛེས་ཀླུ་ནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 07-19


        ཀླུ་ནང་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཀླུ་ནང་གྲོང་རྡལ་ཡིན་ཞིང་། བརྒྱད་གཅིག་གྲོང་རྡལ་བར་དང་སྤྱི་ལེ་75ལྷག་ཡོད། ས་བབ་ཀྱི་མཐོ་ཚད་ནི་སྨི་2700ནས་སྨི་4200བར་ཡིན་ལ། ས་དེའི་གནམ་གཤིས་ནི་མཐོ་སྒང་གི་དྲོད་འཇམ་བརླན་གཤེར་ཕྱེད་ཙམ་གྱི་གནམ་གཤིས་ཁོངས་སུ་གཏོགས། 

        མིག་སྔར། ཀླུ་ནང་གྲོང་རྡལ་དེ་ཕུན་སུམ་ཚོགས་པའི་རྒྱལ་སྤྱིའི་གུང་སེང་སྤྲོ་སྐྱེལ་ཐོན་རྫས་མ་ལག་ཞིག་ཏུ་གྲུབ་ཡོད་ཅིང་། བོད་ལུགས་ཁྱད་ཆོས་ལྡན་པའི་སྐར་ལྔ་རིམ་པའི་གནས་སྐོར་མགྲོན་ཁང་3ལེགས་འགྲུབ་བྱུང་ཡོད་པ་མ་ཟད། ཚོང་རྫས་སྲང་ལམ་དང་དངུལ་ཁང་། བོད་ལུགསSPAསོགས་མཐོ་རྩེའི་ཞབས་ཞུ་ཐོན་ལས་ཆ་ཚང་དུ་ཡོད། དེ་དང་ཆབས་ཅིག བོད་ལུགས་ཞིང་དུད་སྤྲོ་སྐྱིད་ཁང་དང་། ཞིང་ཁྱིམ་མགྲོན་ཁང་སྐོར་ཞིག་ཀླུ་ནང་གྲོང་རྡལ་གྱི་སྡེ་མིས་བདག་གཉེར་བྱེད་བཞིན་ཡོད་པས། བོད་མི་རིགས་ཀྱི་གདོད་མའི་ཁྱད་ཆོས་ཇི་མ་ཇི་བཞིན་དུ་སོར་ཉར་བྱས་ཡོད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1