བྱང་རྩྭ་ཐང་གི་དྲོད་ཁང་ཆེན་མོར་སྔོ་ཚལ་གྱི་དྲི་ཞིམ་འཐུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 07-24


        ནག་ཆུ་ས་ཁུལ་དཔལ་མགོན་རྫོང་ནི་འབྲོག་ལས་རྐྱང་རྐྱང་གི་རྫོང་ཞིག་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700 ལ་སླེབས་པས།  གྲང་ངར་ཆེ་ཞིང་གསོ་རླུང་མི་འདང་བའི་རང་བྱུང་ཁོར་ཡུག་དེ་རུ་སྔོ་ཚལ་འདེབས་འཛུགས་བྱེད་ཁག་པོ་ཡིན་པས། རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱི་ཚལ་རིགས་དུས་ཡུན་རིང་པོའི་ནང་ཕྱི་རོལ་ནས་སྐྱེལ་འདྲེན་བྱེད་དགོས་ཀྱི་ཡོད་པ་རེད།  ཉེ་བའི་ལོར།  ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པའི་ཁ་གཏད་རོགས་སྐྱོར་འོག་དྲོད་ཁང་ཆེན་མོ་བྱང་རྩྭ་ཐང་དུ་འགྱིང་ངེར་སློང་ནས་ཚལ་རིགས་བཟའ་རྒྱུའི་དཀའ་གནད་ཐག་གཅོད་ངེས་ཅན་ཐུབ་ཡོད། 
        སྤྱི་ལོ་2016ལོར།  ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པས་སྒོར་ཁྲི་ཚོ་175 མ་འཇོག་བྱས་ནས་རྫོང་གྲོང་དུ་སྨིད་གྲུ་བཞི་མ་1000ལ་ཉེ་བའི་ལྕགས་སྒྲོམ་ཤེལ་ཁང་བསྐྲུན་ནས།  སུར་པན་སྔོན་པོ་དང་ཀྲོ་མ་ཀྲུའུ།  ཧོང་ཀྭ་སོགས་ཚལ་རིགས་འདེབས་འཛུགས་བྱས་པས་གྲུབ་འབྲས་ཡག་པོ་ཐོབ་ཡོད།  སྔོན་དཔག་ལྟར་ན་ད་ལོའི་སྔོ་ཚལ་ཐོན་འབབ་རྒྱ་མ་ཁྲི་1ལས་བརྒལ་བ་རེད།། 
  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1