བོད་ལྗོངས་ཀྱིས“ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན”གྱི་མེ་འཁོར་ཤར་གཏོང་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 07-25


        ཟླ7པའི23ཉིན། “ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན”གྱི་མེ་འཁོརZ8803ལྷ་ས་ནས་གཞིས་ཀ་རྩེ་བར་དུ་ཐེངས་དང་པོར་ཤར་གཏོང་བྱས། འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ཏེ། ས་གནས་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་། ལྷ་གཞིས་ལྕགས་ལམ་མེ་འཁོར་གྱི་ཤུགས་རྐྱེན་ཐེབས་ཚད་དང་སྤྱི་ཚོགས་གྱི་མཚན་སྙན་ཇེ་མཐོར་གཏང་ཆེད། མཚོ་བོད་ལྕགས་ལམ་ཀུང་ཟི་དང་བོད་ལྗོངས་སྲིད་གཞུང་། འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། གནས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་མཉམ་ལས་བྱས་ཏེ། Z8801/Z8802/Z8803/Z8804བཅས་ཀྱི་མེ་འཁོར་ལ་མཉམ་དུ“ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན”གྱི་མེ་འཁོར་ཞེས་པའི་མིང་བཏགས་པ་རེད།

        “ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན”གྱི་མེ་འཁོར་གྱི་པ་སེ་རིན་གོང་སྔོན་ཆད་དང་གཅིག་མཚུངས་ཡིན་ཞིང་། ཉིན་རེར་ལྷ་ས་ནས་གཞིས་ཀ་རྩེ་བར་ལ་ཐེངས་གཉིས་ལ་འགྲོ་འོང་བྱེད་བཞིན་ཡོད། 

འདི་ནི་ཟླ7པའི་ཚེས23ཉིན“ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན”གྱི་མེ་འཁོར་གཏོང་འགོ་ཚུགས་པའི་མཛད་སྒོ་སྟེང་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།


    འདི་ནི་ཟླ7པའི་ཚེས23ཉིན་མེ་འཁོར་སྟེང་གིས་ལས་བྱེད་མི་སྣས“ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན”གྱི་མེ་འཁོར་སྟེང་དངོས་ཟོག་འདོན་སྤྲོད་བྱེད་བཞིན་པའི་ཚུལ་རེད།


འདི་ནི་ཟླ7པའི་ཚེས23ཉིན“ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན”གྱི་མེ་འཁོར་སྟེང་གི་ཞབས་ཞུ་མི་སྣས་འགྲུལ་པའི་པ་སེ་ལ་ཞིབ་བཤེར་བྱེད་བཞིན་པའི་ཚུལ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1