སེང་གེ་ཁ་འབབ་འདབས་རོལ་ནས། སྔོ་ཚལ་སོས་པའི་དྲི་ཞིམ་འཐུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 07-27



        འདི་ནི་སྒར་རྫོང་ཞིང་ལས་སྣོད་བཅུད་ཐོན་ལས་གླིང་ནང་གི་སྔོ་ཚལ་དྲོད་ཁང་གི་ཕྱི་ལྗོངས་ཡིན།
        མངའ་རིས་ས་ཁུལ་སྒར་རྫོང་གིས་ས་ཁུལ་གནས་སའི་ས་ཁོངས་ཀྱི་ལེགས་ཆར་བརྟེན་པ་དང་ས་ཁུལ་དང་རྫོང་གྲོང་གི་ལས་བྱེད་མང་ཚོགས་ཚོར་སྔོ་ཚལ་སོས་པ་དཀོན་པའི་གནད་དོན་ཐག་གཅོད་བྱེད་ཕྱིར། སྒར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མ་དངུལ་གྲབས་གསོག་དང་། རིགས་པས་ཁུངས་སྐྱེལ། ཚལ་འདེབས་ལག་རྩལ་པ་གདན་འདྲེན་ཞུ་བ་སོགས་དུས་འགོའི་ལས་དོན་ཁག་ཚགས་ཚུད་པོ་བསྒྲུབས་རྗེས། ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ཙམ་གྱི་ས་མཐོར་གཞི་ཚུགས་ཐུབ་པ་དང་མཐོ་གྲང་ཁུལ་དུ་སྐྱེ་འཚར་ཐུབ་པའི་སྔོ་ཚལ་དང་། ཤིང་འབྲས། མེ་ཏོག་བཅས་ཀྱི་སོན་དང་མྱུ་གུ་ནང་འདྲེན་བྱས་ཐོག ཕྱོགས་ཁག་གི་འབད་བརྩོན་འོག་མ་རྩ་སྒོར་ཁྲི་1800ལྷག་གྲབས་གསོག་བྱས་ནས་སྒར་རྫོང་ཞིང་ལས་སྣོད་བཅུད་ཐོན་ལས་གླིང་དུ་ས་ཁྱོན་སྨི་ངོས་གྲུ་4630ཡོད་པའི་རིག་ནུས་དྲོད་ཁང་ཆེ་མོ་གཉིས་དང་འགྱིག་ཤོག་དྲོད་ཁང་བསྐྲུན་ནས་ནང་སའི་ལག་རྩལ་པའི་ཁྲིད་སྟོན་འོག་སྔོ་ཚལ་དང་ཤིང་འབྲས་སོགས་འདེབས་འཛུགས་བྱས་པ་དང་སྦྲགས། ས་གནས་དེ་གའི་མང་ཚོགས་ལ་འདེབས་འཛུགས་ལག་རྩལ་སློབ་པ་དང་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་མ་ཟད། དེས་ཁུལ་ལས་བྱེད་མང་ཚོགས་ཀྱི་སྔོ་ཚལ་དཀོན་པའི་དཀའ་ངལ་ཡང་སེལ་ཐུབ་རྒྱུ་ཡིན་པ་རེད།།

འདི་ནི་ས་གནས་དེ་གའི་མང་ཚོགས་བུ་མོ་ཚེ་སྐྱིད་ཀྱིས་སྔོ་ཚལ་མྱུ་གུར་གཡོག་བྱེད་རྒྱུག་བཞིན་ཡོད་པ།

འདི་ནི་ནང་སའི་ལག་རྩལ་པས(གཡས་ཀྱི་དང་པོ)ས་གནས་ཀྱི་མང་ཚོགས་ལ་སྔོ་ཚལ་མྱུ་གུ་འདེབས་སྟངས་སློབ་པའི་གནས་ཚུལ་ཡིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1