དབུལ་སེལ་ལམ་བུའི་ཐོག་གི་སི་ཁྲོན་བོད་ཁུལ་གྱི་བདེ་སྐྱིད་ཀྱི་འཚོ་བ་གསར་པ།

སྒྲོལ་མ་ཚེབརྟན་གྱིས་བྲིས་ཤིང་དཀོན་རྡོ་དང་བསྟན་འཛིན་ཉི་མས་པར་བླངས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 07-31


       

         2017ལོ་ནི་དམིགས་གསལ་གྱི་དུས་ཚོད་ཅིག་ཡིན་ལ། སི་ཁྲོན་ཞིང་ཆེན་གྱི་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། གོམ་གང་མདུན་སྤོས་ཀྱིས་བོད་ཁུལ་གྱི་མ་འོངས་པའི་འཕེལ་རྒྱས་ལ་བསམ་གཞིགས་བཏང་བ་དང་བོད་ཁུལ་འཕེལ་རྒྱས་ལ་གོ་སྐབས་ལེགས་པོར་བསྐྲུན།

        སྤྱི་ཟླ་7པའི་ཚེས་15ཉིན་ནས་ཚེས་26ཉིན་བར། གངས་ལྗོངས་ཉིན་གཞོན་གྱི་གསར་འགོད་པ་ཁག་གཅིག་སི་ཁྲོན་བོད་ཁུལ་གྱི་དར་རྩེ་མདོ་དང་ཡུལ་ཤུལ། དཀར་མཛེས། བྲག་འགོ སྡེ་དགེ་སོགས་སུ་ཕྱིན་ནས་བོད་ཁུལ་གྱི་འཕེལ་རྒྱས་གསར་འགྱུར་གྱི་ལམ་ནས་མུ་འགོད་བྱས།

        བོད་ཁུལ་དུ་དབུལ་སེལ་འགག་སྒྲོལ་དང་དམངས་འཚོའི་ལས་རིམ་ཁག དེ་མིན་དམངས་ཕན་སྲིད་ཇུས་སོགས་ལག་བསྟར་ལེགས་པོར་བྱས་པས། མིག་སྔར་བོད་ཁུལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་མཐོ་སྒང་དུ་མཚར་སྡུག་ཉི་འོད་ལྷག་ཏུ་མངོན།

        སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་གཞུང་དོན་ཁང་ནས《 2017 ལོའི་བོད་རིགས་ས་ཁུལ་གྱི་དམངས་འཚོའི་ལས་གཞི་དྲུག་གི་འཆར་གཞིའི་སྤྱིའི་ལས་ཀའི་འཆར་འགོད།》 འགྲེམ་སྤེལ་བྱས།《 འཆར་འགོད།》

        དང་དབུལ་སེལ་འགག་སྒྲོལ་གྱི་བྱེད་སྒོའི་ཁྲོད། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ལ་སྐུལ་འདེད་བྱེད་པ་དང་སློབ་གསོའི་འཕེལ་རྒྱས་དར་སྤེལ། སྨན་བཅོས་འཕྲོད་བསྟེན་མཐོར་འདེགས་དང་རིག་གནས་དར་སྤེལ་གོང་འཕེལ་གཏོང་བ། བོད་རིགས་ས་ཁུལ་དུ་སྡོད་ཁང་གསར་པ་འཛུགས་སྐྲུན་བྱེད་པ་སོགས་འཆར་གཞི་དྲུག་ལག་བསྟར་བྱ་རྒྱུ་བཅས་འདུས། ད་ལོར། སྔོན་རྩིས་བྱས་པ་ལྟར་ན་དམངས་འཚོའི་ལས་གཞི་སོ་སོའི་མ་དངུལ་གཏོང་ཚད་ཧ་ལམ་སྒོར་དུང་ཕྱུར་66.69ཟིན་པ་རེད།

        《 འཆར་འགོད།》ལྟར་ན། བོད་རིགས་ས་ཁུལ་གྱི་དམངས་འཚོའི་ལས་གཞིའི་འཆར་གཞི་ཡིས་འབུར་དུ་ཐོན་པའི་སྒོ་ནས་དབུལ་སེལ་འགག་སྒྲོལ་ནི་དོན་ཆེན་ཨང་དང་པོར་བཞག་ཡོད། ཡིན་ན་ཡང་། བོད་རིགས་ས་ཁུལ་གྱི་དམངས་འཚོའི་ལས་གཞིའི་འཆར་གཞིའི་ཁྲོད་ཀྱི་དབུལ་སེལ་འགག་སྒྲོལ་གྱི་བྱེད་སྒོའི་འཆར་གཞི་ལྟར་ན། མི་འགྱང་བར་བོད་རིགས་ས་ཁུལ་གྱི་དབུལ་སྐྱོར་བྱ་ཡུལ་གྱི་ཞིང་པ་ཁྲི་8.32ཡི་འཚོ་བའི་ཐོན་སྐྱེད་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་གཙོ་གནད་དུ་བཟུང་ནས་དབུལ་སྐྱོར་བྱ་རྒྱུ་དང་། ས་ཆ་གཞན་པའི་དབུལ་སྐྱོར་གནས་སྤོ་བཀོད་སྒྲིག་གི་ཡིག་ཚགས་བཟོ་བའི་ཞིང་འབྲོག་པ་དབུལ་པོའི་མང་ཚོགས་ཁྲི་1.65 ཡོད་པ་རེད།

        སི་ཁྲོན་བོད་ཁུལ་དབུལ་སེལ་འགག་སྒྲོལ་གྱི་ལམ་དུ་གོམ་སྟབས་ཆེན་པོས་མདུན་བསྐྱོད་བྱེད་བཞིན་ཡོད་པ་དང་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་གསར་པར་བསུ་མ་བྱེད་བཞིན་ཡོད། །  


རྩོམ་ཡིག་སྔོན་མ།
སྤྱིའི་དེབ18པ།
རྩོམ་ཡིག་རྗེས་མ།
མགར་ཐར་པདྨའི་ཞིང་ཁམས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1