དཀར་མཛེས་ཁུལ་གྱིས་དམག་འཛུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་བསྡུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-01


        སྤྱི་ཟླ་7པའི་ཚེས་31ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར་90ལོན་པའི་རྗེས་དྲན་ཉིན་མོ་ཐོན་ལ་ཉེ་བའི་སྐབས་སུ་དཀར་མཛེས་ཁུལ་གྱིས་“ང་ནི་དམག་མི་ཞིག་ཡིན”ཞེས་པ་བརྗོད་དོན་ཡིན་པའི་རིག་རྩལ་དགོང་ཚོགས་དར་མདོའི་ཟློས་གར་ཐང་ཆེན་དུ་བསྡུས།
        རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དགོང་ཚོགས་ནི་དཀར་མཛེས་ཁུལ་གཉིས་བཀུར་གཞུང་ལས་ཁང་དང་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་གློག་བརྙན་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། དཀར་མཛེས་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཁུལ་གླུ་གར་ཚོགས་པས་འགན་སྒྲུབ་བྱས་པ་རེད། དཀར་མཛེས་ཁུལ་དུ་བཅའ་སྡོད་བྱས་པའི་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག སྦྱོང་བརྡར་དམག་དཔུང་གི་འཐུས་མི་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། གཟིགས་སྐྱོང་བྱ་ཡུལ། དཀར་མཛེས་ཁུལ་བྱིས་པའི་ཕན་བདེའི་ཁང་གི་སློབ་མ་སོགས་ཁྱོན་བསྡོམས་མི་500ལྷག་དགོང་ཚོགས་ཀྱི་ཡུལ་དངོས་ལ་ཐོན་ནས་རིག་རྩལ་འཁྲབ་སྟོན་ལ་བལྟས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1