མཛེས་ཤིང་ལྟ་ན་སྡུག་པའི་ཡར་འབྲོག་གཡུ་མཚོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 08-02


        ཡར་འབྲོག་གཡུ་མཚོ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཁོངས་སུ་གནས་ཤིང་ལྷ་ས་དང་བར་ཐག་སྤྱི་ལེ་100ཡང་མེད་ལ་མཚོ་ངོས་ཀྱི་ས་བབ་སྨི་4400ལྷག་ཙམ་ཟིན་ཡོད། ཡར་འབྲོག་གཡུ་མཚོ་དང་། གནམ་མཚོ། མ་ཕམ་གཡུ་མཚོ་བཅས་ལ་བོད་ཀྱི་གནས་མཚོ་ཆེ་གྲས་གསུམ་ཞེས་བརྗོད་སྲོལ་ཡོད། དེའི་རང་བྱུང་གི་ཡུལ་ལྗོངས་མཛེས་ཤིང་ཡིད་དུ་འོང་བས། ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོགས་ཏེ་དེའི་མཛེས་ལྗོངས་ཉམས་སུ་མྱོང་བར་སྐྱོད་ཀྱི་ཡོད་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1