གསེར་རྟ་རྫོང་ལ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་རིག་གནས་དང་སྐྱེ་ཁམས་ཡུལ་སྐོར་གྱི་རྟེན་གཞི་ཞེས་པའི་མཚན་སྙན་ཐོབ་པ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-02


           སྤྱི་ཟླ་7པའི་ཚེས་27ཉིན།  གསར་འགོད་པས་གསེར་རྟ་རྫོང་རྫོང་ཨུ་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ཉེ་སྔོན་འཚོགས་པའི་སྐབས་གཉིས་པའི་རྒྱལ་ཡོངས་སྤྱི་ཚོགས་རིག་གནས་དང་སྐྱེ་ཁམས་ཡུལ་སྐོར་རྟེན་གཞི་འཛུགས་སྐྲུན་བགྲོ་གླེང་དང་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ལ་མ་དངུལ་འཇོག་པའི་ཚོགས་འདུའི་ཐོག  གསེར་རྟ་རྫོང་གསེར་རྟ་རྩྭ་ཐང་གི་གེ་སར་རིག་གནས་ཡུལ་སྐོར་མཛེས་ལྗོངས་ལ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་རིག་གནས་དང་སྐྱེ་ཁམས་ཡུལ་སྐོར་གྱི་རྟེན་གཞི་ཞེས་པའི་མཚན་སྙན་ཐོབ།
            ས་གནས་སོ་སོའི་སྲིད་གཞུང་དང་ཡུལ་སྐོར་དོ་དམ་ལས་ཁུངས་ཀྱིས་ཧུར་བརྩོན་གྱིས་སྙན་ཞུ་བྱས་པ་བརྒྱུད་ནས།  ཚོགས་མི་རྣམ་པས་ཚན་རིག་ལྟར་བགྲོ་གླེང་དང་ནན་ཏན་གྱིས་ཞིབ་དཔྱད་བྱས་ཏེ།  ཐེངས་འདིའི་བགྲོ་གླེང་དཔྱད་འདེམས་ལས་རིམ་པ་གཉིས་པའི་རིག་གནས་རྒྱུན་འཛིན་མངོན་གསལ་ཅན་དང་སྐྱེ་ཁམས་ཁོར་ཡུག་ལེགས་པའི་ལས་ཁུངས་13ལ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་རིག་གནས་དང་སྐྱེ་ཁམས་ཡུལ་སྐོར་གྱི་རྟེན་གཞི་ཞེས་པའི་མཚན་སྙན་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1