སྐབས་གཉིས་པའི་བྱང་སྡེ་ཉི་མ་རྫ་ཆུ་ཁའི་སྦྲ་གུར་དུས་ཆེན་སྤེལ་འགོ་ཚུགས་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-04


        སྤྱི་ཟླ་8པའི་ཚེས་1ཉིན། སྐབས་གཉིས་པའི་བྱང་སྡེ་ཉི་མ་རྫ་ཆུ་ཁའི་སྦྲ་གུར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་གསེར་ཤུལ་རྫོང་གི་རྟ་རྒྱུགས་ཐང་ཆེན་ཏུ་སྤེལ།  ཞིང་ཆེན་དང་རང་སྐྱོང་ཁུལ། རྫོང་ཁག་གཞན་པ་བཅས་ཀྱི་རིམ་པ་ཁག་གི་འགོ་ཁྲིད་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ། དེ་མིན་རྒྱལ་ཕྱི་ནང་ནས་ཕེབས་པའི་ཡུལ་སྐོར་བ་ཁྲི་ལྷག་མཉམ་དུ་འཛོམས་ནས་རྩྭ་ཐང་གི་མཛད་སྒོ་ཆེན་པའི་དཔལ་ལ་རོལ། 
        རྫོང་དེ་གའི་འབྲེལ་ཡོད་ཀྱི་ལས་བྱེད་པས་ངོ་སྤྲོད་བྱས་པར་ལྟར་ན། སྦྲ་གུར་དུས་ཆེན་ནི་རྫ་ཆུ་ཁའི་ཕུན་སུམ་ཚོགས་པའི་རྩྭ་ཐང་རིན་གནས་རྒྱུན་འཛིན་དང་དར་སྤེལ། ཞིང་འབྲོག་མང་ཚོགས་རྣམས་ཀྱིས་འཕེལ་རྒྱས་ཀྱི་འབྲས་བུ་མཉམ་རོལ་བྱ་ཆེད་སྤེལ་བ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1