ཛམ་ཐང་རྫོང་གིས་ཆུ་གཙང་བསྒྱུར་ཆས་བཀོལ་ནས་འབྲོག་པ་མང་ཚོགས་ལ་འཐུང་ཆུ་གཙང་མ་མཁོ་སྤྲོད་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 08-04


        འཐུང་ཆུ་ནི་ཐད་ཀར་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་འབྲེལ་ཡོད་པས། ཉེ་ལམ། ཛམ་ཐང་རྫོང་གིས་སྟབས་བདེའི་ཆུ་གཙང་བསྒྱུར་ཆས་དེ་འབྲོག་པ་མང་ཚོགས་ལ་སྤྲད་པ་རེད། ཛམ་ཐང་རྫོང་ཚ་ཐོག་གྲོང་ཚོས་ཆུ་གཙང་ཆས་མངགས་གཏོང་ཡུལ་དངོས་སུ། རྫོང་ཆུ་དོན་ཅུས་ཡི་ལག་རྩལ་བའི་ཆུ་གཙང་བསྒྱུར་ཆས་བཀོལ་སྤྱོད་བྱེད་སྟངས་ལག་ལེན་བྱས་ནས། ལག་རྩལ་ཚད་དང་བསྟུན་ནས་ཆུ་ལེན་པ་དང་གཙང་བསྒྱུར་སོགས་བྱས་ནས། མང་ཚོགས་ཀྱིས་མགྱོགས་མྱུར་ངང་ལག་ལེན་བྱེད་ཐབས་སློབ་སྦྱོང་བྱས་པ་རེད། 
        རྒྱུས་ལོན་བྱས་པ་ལྟར་ན། སྟབས་བདེའི་ཆུ་གཙང་བསྒྱུར་ཆས་སྟབས་བདེ་བར་མ་ཟད། ད་དུང་གཙང་སེལ་ནུས་པ་ཆེན་པོ་ལྡན། ཆུ་གཙང་བསྒྱུར་ཆས་ཀྱིས་སྙོགས་ཆུ་གཙང་སེལ་བྱས་ནས་ཆུ་གཙང་མར་བསྒྱུར་ལ། ད་དུང་འབག་བཙོག་དང་སྐྱེ་དངོས་འབག་བཙོག་འགོག་ཐུབ། ཆེད་མཁས་པས་བསྟན་པ་ལྟར་ན། གཙང་སེལ་བྱས་པའི་ཆུ་ཐད་གར་འཐུང་ན་ཆོག་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1