གསེག་རི་སྤྱི་གླིང་ལྗོངས་ཁུལ་སྒོ་ཕྱེ་བ་དང་རྟའུ་རྫོང་གི་པད་ཁའི་མེ་ཏོག་དུས་ཆེན་འགོ་བཙུགས་པ།

བདེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཁམས་པའི་དྲ་བ། ཡོང་ཁུངས།ཚེ་དཔལ། སྤེལ་དུས། 08-07


        ཉེ་ཆར། གསེག་རི་སྤྱི་གླིང་ལྗོངས་ཁུལ་སྒོ་ཕྱེ་བ་དང་རྟའུ་རྫོང་གི་པད་ཁའི་མེ་ཏོག་དུས་ཆེན་འགོ་བཙུགས་པ་དང་བསྟུན་ནས། རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏང་རྒྱུའི་ལས་ཡུལ་དངོས་ཀྱི་ཚོགས་འདུ་ཡང་འགོ་ཚུགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་དང་ཁུལ་ཨུའི་རྒྱུན་ཨུ། ཁུལ་ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་་གྱི་ཀྲུའུ་རེན་གཞོན་པ་དབྱང་ཀྲི་ཀུའེ།  ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཁང་ལིན་སོགས་མཛད་སྒོ་ནང་ཞུགས་པ་རེད།

        2016ལོར་རྟའུ་རྫོང་གིས་མ་རྩ་ནང་འགུགས་བྱས་པར་བརྒྱུད།  སི་ཁྲོན་ཀྲུང་ཨའོ་རིག་གནས་དང་ཡུལ་སྐོར་མ་འཇོག་ཚད་ཡོད་སྤྱི་གཉེར་ཁང་དང་བདེ་བླག་ངང་གན་རྒྱ་བཞག་ནས་ཐུན་མོང་ཐོག་གསེག་རི་སྤྱི་གླིང་ལྗོངས་ཁུལ་གསར་སྤེལ་བྱས་པ་རེད།  ལས་གཞི་དེར་མ་དངུལ་སྒོར་དུང་ཕྱུར་4.5གཏང་རྒྱུའི་འཆར་གཞིའི་ནང་མིག་སྔར་མ་དངུལ་སྒོར་དུང་ཕྱུར་1.086བཏང་གྲུབ་ཟིན་ཞིང་སྤྱིའི་མ་འཇོག་གི་བརྒྱ་ཆ་23.73ལེགས་གྲུབ་བྱུང་བ་རེད།།    


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1