ཀྲུང་གོ་ཀླུ་ཆུའི་སྐོར་བྲོ་འཁྲབ་སྟོན་སྐབས་དྲུག་པ་སྤེལ་འགོ་བརྩམས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 08-08


        ཟླ་8པའི་ཚེས་6ཉིན་སྐབས་དྲུག་པའི་ཀྲུང་གོ་ཀླུ་ཆུའི་སྐོར་བྲོ་འགྲན་ཚོགས་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ནས་སྤེལ་འགོ་བརྩམས་ཤིང་། ཀན་སུའུ་དང་། མཚོ་སྔོན། བོད་ལྗོངས། སི་ཁྲོན་དང་ཡུན་ནན་བཅས་ཀྱི་བོད་ཁུལ་ནས་ཡོང་བའི་རུ་ཁག་27གི་ཞབས་བྲོ་བ་1600ལྷག་དང་ས་གནས་དེ་གའི་མང་ཚོགས། དེ་མིན་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་བཅས་ཀྱིས་མཉམ་དུ་གླུ་གར་ལ་རོལ་བཞིན་སང་ལོ་ཆར་ཆུ་དུས་སུ་འབབ་པའི་སྨོན་ལམ་བཏབ་ནས། བོད་མི་རིགས་ཀྱི་སྲོལ་རྒྱུན་དམངས་སྲོལ་རིག་གནས་འགྲེན་སྟོན་དང་དར་སྤེལ་བྱས། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་སྐོར་བྲོ་འགྲན་ཚོགས་ཟླ་8པའི་ཚེས་10ཉིན་བར་དུ་རྒྱུན་བསྐྱང་རྒྱུ་ཡིན་ཞིང་། སྐབས་དེར་རླངས་འཁོར་བསྐོར་བསྐྱོད་དང་མེ་ཕུང་དགོང་ཚོགས། རྩྭ་ཐང་དུ་སྒར་ས་རྒྱག་པའི་བྱ་འགུལ་སོགས་སྤེལ་རྒྱུ་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་དང་ས་གནས་དེའི་རོང་འབྲོག་མང་ཚོགས་མང་པོ་ཐེངས་འདིའི་བྱ་འགུལ་ལ་ཞུགས་རྩིས་ཡོད་པ་རེད།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1