བོད་ལྗོངས་ཀྱི་རྒྱལ་རྩེ་རྫོང་དུ་ལོ་རྒྱུས་ཀྱི་དམངས་སྲོལ་བྱེད་སྒོ་མདའ་མང་དུས་ཆེན་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-09


        2017ལོའི་རྒྱལ་རྩེ"མདའ་མང་རིག་གནས་ཡུལ་སྐོར་དུས་ཆེན"དེ་ཚེས་6ཉིན་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་སྤེལ་བ་རེད། མདའ་མང་ནི་རྒྱལ་རྩེ་ས་ཁུལ་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་པ་དང་། ད་ལྟའི་བར་དུ་ལོ་600ལྷག་གི་ལོ་རྒྱུས་ལྡན་པ་རེད། 

        ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་རྩེའི"མདའ་མང་དུས་ཆེན"ནི་ལོ་རྒྱུས་རིང་ཞིང་། དམངས་སྲོལ་བཟང་ལ་གཟབ་རྒྱས་ཆེ་བས་བོད་ལྗོངས་སུ་གྲགས་ཆེ་བའི་དམངས་སྲོལ་དུས་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། ཚོང་འདུས་ཀྱང་མདའ་མང་དུས་ཆེན་གྱི་ནང་དོན་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད། 

        ངོ་སྤྲོད་བྱས་པར་གཞིགས་ན། དུས་ཡུན་ཉིན་5རིང་གི་མདའ་མང་དུས་ཆེན་ལ། མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་དང་ཚོང་འདུས་ཡོད་པ་མ་ཟད། རྟ་རྒྱུག་དང་གཡག་རྒྱུག རྟ་རྒྱུག་མདའ་འཕེན། རྡོ་འཇོག་སོགས་པའི་སྲོལ་རྒྱུན་གྱི་ལུས་རྩལ་བྱེད་སྒོའང་ཡོད་པ་རེད། 

        རྒྱལ་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་དབྱང་ཅུན་གྱིས། མཛད་སྒོའི་ཐོག་མདའ་མང་དུས་ཆེན་ནི་རྒྱལ་རྩེ་རྫོང་གི་ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་དུས་ཆེན་ཡིན་པ་དང་། དེ་ནི་ལོ་རྒྱུས་ཀྱི་མི་རིགས་རིག་གནས་རྒྱུད་འཛིན་བྱེད་པ་དང་། བྱེད་སྒོ་འདི་སྤེལ་བའི་ཐོག་ནས་མི་རིགས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་ནས། རྒྱལ་རྩེ་དྲིལ་བསྒྲགས་དང་འགྲེམ་སྟོན་བྱས་ནས་རྒྱལ་རྩེ་འཕེལ་རྒྱས་ཀྱི་དམིགས་ཡུལ་འགྲུབ་པར་བྱེད་ཐུབ་ཚུལ་བསྟན་གནང་བ་རེད།

        རྒྱང་རྩེ་རྫོང་ནི་ཡར་ཀླུང་གཙང་པོའི་ཆུ་ལག་མྱང་ཆུའི་སྟོད་རྒྱུད་དུ་ཆགས་ཡོད་པ་དང་། དེ་ནི་གྲགས་ཆེ་བའི་དཔའ་བོའི་གྲོང་རྡལ་ཡིན་པ་དང་། རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་ཞིག་ཡིན་ཞིང་། འཛམ་གླིང་ལ་སྙན་གྲགས་ཆེ་བའི"ཁ་གདན་གྱི་ཕ་ཡུལ"ཡང་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1