༄༅།། ཚ་བ་ཆེ་བའི་ནད་པས་ཆུ་ཁོལ་མང་ཙམ་འཐུངས།

ལྷ་བྱ་དཀར་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་འཕྲིན། སྤེལ་དུས། 08-09


        སྤྱིར་བཏང་བཤད་ན། ཆུ་ནི་མིའི་གཟུགས་པོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་མི་ནི་ཆུ་དང་བྲལ་ཐབས་གཏན་ནས་མེད་པ་ཞིག་རེད། རྒྱུན་ལྡན་དུ་མི་དཀྱིལ་མ་ཞིག་གིས་ཉིན་རེར་ཆུ་ཧའོ་ཧྲེང་2500ཡས་མས་བཏུང་དགོས་པ་ཡིན། ཆམ་པ་སོགས་ཕོག་ནས་ཚ་བ་རྒྱས་པའི་སྐབས་སུ་ལྷག་ཏུ་ཆུ་མང་པོ་བཏུང་ན་ཕན་པ་ཆེན་པོ་ཡོད་པ་རེད།   
གཅིག  ཚ་བ་རྒྱས་དུས་མིའི་ལུས་ཀྱིས་རྙིང་ཚབ་གསར་འབྱེད་ཀྱི་ནུས་པ་དཀྲུགས་ནས་ལུས་ཁམས་ཡོངས་འཁྲུགས་པ་དང་། མིའི་ལུས་ཀྱི་དྲོད་ཚད་ཡང་རྒྱུན་ལྡན་མིན་པར་གྱུར་ནས་མིའི་ལུས་ཀྱི་ནད་ཁམས་མང་པོ་སློང་ཡོང་བ་རེད། སྐབས་དེར་ཆུ་ཁོལ་མང་ཙམ་འཐུང་ན་ཆུས་གཟུགས་པོའི་དྲོད་ཚད་སྙོམ་སྒྲིག་བྱེད་ཐུབ་ལ།  རྔུལ་ཆུ་མང་པོ་རྡོལ་ཞིང་གཅིན་ཡང་མང་པོ་གཏོང་དགོས་པས། ལུས་ཀྱི་ཚ་བ་དེ་དག་དང་མཉམ་དུ་ཕྱིར་གཏོང་བས། ལུས་པོའི་དྲོད་ཚད་སྙོམ་སྒྲིག་ལ་ཕན་ཐོག་ཆེན་པོ་ཡོད་པ་ཟད། ནད་འབུ་དག་ལུས་ཀྱི་ཕྱིར་ཕུད་ནས་ལུས་པོར་གནོད་པ་བཟོ་མི་ཐུབ་པ་རེད།
གཉིས།  མི་ལ་ན་ཚ་བྱུང་ནས་ཚ་བ་ཡུན་རིང་ལ་རྒྱས་ན། ལུས་པོའི་ནང་གི་ཆུ་མང་པོ་ཟད་གྲོན་དུ་ཤོར་བས། ལུས་ཀྱི་ན་ཚ་ཇེ་ལྕིར་འགྲོ་བ་རེད། སྐབས་དེར་ཆུ་ཁོལ་གང་མང་བཏུང་ནས་ལུས་པོའི་ནང་གི་ཆུ་ཁ་བསབ་དགོས་རེད།
    


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1