རང་ལྗོངས་ཀྱི་སྒོར་གཞས་སྤེལ་རེས་དང་འགྲེམས་སྟོན་འགྲན་བསྡུར་སྐབས་དང་པོ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 08-10


        སྤྱི་ཟླ་8པའི་ཚེས་7ཉིན་གྱི་སྔ་དྲོར།  སྤྱི་ལོ་2017ལོའི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི་འགོ་འཛུགས་མཛད་སྒོ་དང་ལྗོངས་ཡོངས་ཀྱི་སྒོར་གཞས་སྤེལ་རེས་དང་འགྲེམས་སྟོན་འགྲན་བསྡུར་སྐབས་དང་པོ་རང་སྐྱོང་ལྗོངས་ལུས་རྩལ་ཁང་དུ་འགོ་ཚུགས་པ་རེད། 
        རྒྱལ་ཡོངས་ཀྱི་ཐེངས་དགུ་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ་འཆར་ལ་ཉེ་བས།  རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལུས་སྦྱོང་བྱེད་འདོད་ཆེ་རུ་བཏང་ནས་རང་འགུལ་ངང་ལུས་རྩལ་སྦྱོང་བརྡར་བྱས་ཏེ་གཟུགས་པོའི་བྱང་ཚད་ལེགས་སུ་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་ཆེད།  ད་ཐེངས་ཀྱི་འགྲན་བསྡུར་ནང་རང་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)ཁག་དང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་སྒོར་གཞས་རུ་ཁག 19 ཡི་མི 390 ལྷག་ཙམ་ཞུགས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1