ལི་ཐང་རྫོང་གི་ཁྱད་ལྡན་ཐོན་རྫས་ཚོང་རར་བྲིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-10


        སྤྱི་ཟླ་8པའི་ཚེས་7ཉིན། ལི་ཐང་རྫོང་མོ་ལ་སྐེད་ཡུལ་ཤོག་གནས་གསར་སྡེ་བའི་སྲན་མ་འདེབས་འཛུགས་ལྟེ་གནས་སུ་སྡེ་མི་30ལྷག་གིས་སྡེ་བའི་ཧྲུའུ་ཅི་ངག་དབང་ཕུན་ཚོགས་ཀྱི་སྣེ་ཁྲིད་འོག་སྲན་མ་བཏོགས་པ་དང་སྡུད་ཉར་སོགས་བྱས་ནས་ཉིན་གཉིས་པར་གནམ་གྲུས་ཐའེ་ཝན་དུ་འདྲེན་སྐྱེལ་བྱེད་པའི་སྔོན་འགྲོའི་ལས་རིམ་སོ་སོར་བྲེལ་བཞིན་འདུག 

        མཚོ་ངོས་ནས་སྨི་3600ཡོད་པའི་གནས་གསར་སྡེ་བ་ནི་སྤྱི་ལོ་2019ལོར་དབུལ་ཕོངས་ལས་ཐར་དགོས་པའི་སྡེ་བ་ཞིག་ཡིན་ལ། ལོ་ཏོག་གཙོ་བོ་ནས་ཡིན་ཞིང་ས་གནས་དེའི་ས་གཤིས་བཟང་བས་ནས་ལོ་རེར་རྒྱ་མ་300དང་ཡོང་འབབ་སྒོར་600ལྷག་ཡོད་པ་རེད།  ངག་དབང་ཕུན་ཚོགས་ཀྱིས་བཤད་པ་ལྟར་ན། སྡེ་བ་ཡོངས་ལ་དུད་ཁྱིམ་60ལྷག་ཡོད་པ་དང་། སྤྱིའི་ཆ་ནས་ལྟོ་རྒྱབ་ལ་དཀའ་ཁག་མེད་ནའང་དབུལ་སེལ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་ད་དུང་ལམ་ཐག་རིང་བོ་ཞིག་ཡོད་པ་རེད། 2017ལོའི་ཟླ་གསུམ་པར་ལི་ཐང་རྫོང་དུ་དེང་རབས་སྐྱེ་ཁམས་ཀྱི་ཞིང་ལས་ཁུལ་བཙུགས་ཤིང་། ཞིང་ལས་ཁུལ་གྱི་ནང་གསེས་ཡིན་པའི་ཁམས་བོད་ཉི་འོད་ཞིང་ཕྱུགས་ལས་ཚད་ཡོད་ཀུང་སིས་དེང་རབས་སྐྱེ་ཁམས་ཞིང་ལས་ཀྱི་ལས་གཏོད་ལྟེ་གནས་བཙུགས་པ་རེད། ལྟེ་གནས་འདིས་ཞིང་ལས་ཐོན་སྐྱེད་དང་འདེབས་འཛུགས། གློག་རྡུལ་ཚོང་དོན་སོགས་གཙོ་བོར་བཟུང་ནས་ས་གནས་དེ་གའི་མང་ཚོགས་དང་སློབ་ཆེན་སློབ་མར་ལས་གནས་གསར་གཏོད་ཀྱི་མ་ལག་ཅན་གྱི་གཞུང་ལུགས་སྦྱོང་བརྡར་དང་ཡུལ་དངོས་ལག་ལེན་སྦྱོང་བརྡར་འདོན་སྤྲོད་བྱས་ཏེ་ལས་གནས་གསར་གཏོད་ཀྱི་སྟེགས་བུ་འདོན་སྤྲོད་བྱས་པ་རེད། ངག་དབང་ཕུན་ཚོགས་ཀྱིས་འཕྲིན་བཟང་དེ་ཐོས་རྗེས་མ་དངུལ་སྡུད་གྲབས་བྱས་ཏེ་མུའུ་200ཡི་སྲན་མ་འདེབས་འཛུགས་རྟེན་གཞི་བཙུགས་ནས་སྡེ་མི་རྣམས་འབྱོར་འབྲིང་གི་ལམ་དུ་ཁྲིད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1