ཞིང་ཆེན་ས་འགུལ་གནོད་སེལ་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 08-11


            ཚེས་9ཉིན་གྱི་མཚན་མོར། སི་ཁྲོན་ཞིང་ཨུའི་ཧྲུའུ་ཅི། ཞིང་ཆེན་ས་འགུལ་གནོད་སེལ་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝང་ཏུང་མིང་གིས་གཟི་ཚ་སྡེ་དགུ་རྫོང་ནས་གཙོ་འགན་བཞེས་ཏེ་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཏེ། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་དང་ཆོག་མཆན་གྱི་དགོངས་དོན་གལ་ཆེན་སྔར་བས་ལྷག་པར་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རང་ཞིང་གི་ལག་ལེན་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་པར་མ་ཟད། ཉེན་སེལ་རོགས་སྐྱོབ་དང་ས་འགུལ་གནོད་སེལ་གྱི་འབྲེལ་ཡོད་ལས་ཀ་བཀོད་སྒྲིག་བྱས། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན། ཞིང་ཆེན་ས་འགུལ་གནོད་སེལ་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་དབྱི་ལི་གྲོས་ཚོགས་སུ་ཞུགས།
             གྲོས་ཚོགས་ལས་བསྟན་དོན། གནོད་སྐྱོན་བྱུང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་། ཙུང་ལི་གཞོན་པ་ཀྲང་ཀུའོ་ལི་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་རྣམས་ཀྱིས་མཛུབ་སྟོན་དང་ཆོག་མཆན་གལ་ཆེན་གནངས་ཡོད་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནོད་ཁུལ་གྱི་ལས་བྱེད་མང་ཚོགས་ལ་བཅངས་པའི་ཐུགས་ཁུར་དང་། ཉེན་སེལ་རོགས་སྐྱོབ་དང་ས་འགུལ་གནོད་སེལ་ལས་ཀར་ཚད་མཐོན་པོའི་གཙིགས་ཆེན་དང་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་མཚོན་ཡོད། ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་པ། ཕྱོགས་ཡོངས་ནས་ལག་ལེན་དོན་འཁྱོལ་བྱ་དགོས། ཚན་རིག་གིས་གནོད་སེལ་རྒྱུན་བསྐྱངས་ནས་ས་འགུལ་གནོད་སེལ་ལས་ཀར་མུ་མཐུད་དུ་སྤེལ་རིམ་གསར་བ་ཡོད་པ་འགན་ལེན་དགོས།
             གྲོས་ཚོགས་ལས་གནོད་སྐྱོན་བྱུང་རྗེས་ཀྱི་ཉིན་གཅིག་གི་རིང་ལ། ས་གནས་སོ་སོ་དང་ཕྱོགས་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་གྱི་བཀོད་སྒྲིག་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་དང་ས་འགུལ་གནོད་སེལ་དམ་པོར་བཟུང་ནས་དུས་རིམ་རང་བཞིན་ལྡན་པའི་གྲུབ་འབྲས་འཐོབ་པར་གདེང་འཇོག་མཛད་པར་མ་ཟད་གྲོས་ཚོགས་ལས་ནན་གྱིས་བསྟན་དོན།
             མུ་མཐུད་དུ་ཚེ་སྲོག་མྱུར་སྐྱོབ་ཨང་དང་བོར་འཛིན་དགོས། ཐང་མར་བརྡལ་བའི་ལུགས་ཀྱིས་འཚོལ་སྐྱོབ་ལ་ཤུགས་བསྣན་ནས་གྲལ་བཤེར་གནད་ལ་འཁེལ་བ། ལྷག་ལུས་མེད་པ་འགན་ལེན་དགོས།
             མུ་མཐུད་དུ་རྨས་མ་ཐབས་བརྒྱ་ཇུས་སྟོང་གིས་མྱུར་སྐྱོབ་བྱ་དགོས། ཚན་རིག་ལྟར་སྨན་བཅོས་རོགས་སྐྱོབ་མི་སྣ་བཀོད་སྒྲིག་དང་། མང་ཚོགས་རྨས་མར་དུས་ཐོག་ཏུ་བཅོས་སྐྱོབ་ཐུབ་དགོས།
             མུ་མཐུད་དུ་མི་སྣ་གནས་སྤོར་དང་ལྷག་པར་དུ་འགྲུལ་བའི་ལས་ཀ་ཞིབ་ཅིང་ནན་དགོས། གོ་རིམ་ལྡན་པར་ཕྱོགས་སོ་སོའི་མི་སྣ་རྩ་འཛུགས་བྱས་ཏེ་བདེ་འཇགས་ཀྱི་སྔོན་འགྲོའི་འོག་ཕྱི་རོལ་ཏུ་གནས་སྤོར་དགོས།
             མུ་མཐུད་དུ་དྲིལ་སྒྲོག་སྣེ་སྟོན་ལ་རེམ་དགོས། དུས་ཐོག་ཏུ་སྤྱི་ཚོགས་ཀྱི་དོ་ཁུར་མཚོན་པ་དང་ཞི་འཇགས་དང་བདེ་ཐང་། ཡར་བརྩོན་གྱི་གླེང་བརྗོད་མཁའ་དབུགས་ཤིག་བསྐྲུན་དགོས།
             མུ་མཐུད་དུ་གཞུང་ལམ་དང་གློག་ཤུགས། འཕྲིན་གཏོང་སོགས་ཤར་གཏོང་ལེགས་པོར་བསྒྲུབས་ནས། ས་འགུལ་གནོད་སེལ་ལ་ནུས་ལྡན་རོགས་སྐྱོར་འདོན་དགོས།
             མུ་མཐུད་དུ་སླར་འབྱུང་གི་ས་གཤིས་གནོད་སྐྱོན་ལ་གཞོལ་བའི་བཀོད་སྒྲིག་སོ་སོ་ནན་གྱིས་དོན་འཁྱོལ་བྱས་ཏེ། མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། སླར་འབྱུང་གནོད་སྐྱོན་ལས་མི་སྣ་ཤི་རྨས་འབྱུང་བ་ནན་གྱིས་གཞོལ་ཐབས་བྱ་དགོས།
             མུ་མཐུད་དུ་ཁུལ་རྫོང་གི་གཙོ་འགན་ནན་བསྒྲུབ་ནན་འཛིན་དང་མང་ཚོགས་ལ་སེམས་གསོའི་ལས་ཀ་གོམ་གང་མདུན་སྤོས་སྒོས་ཞིབ་ཅིབ་གཏིང་ཟབ་དགོས། བསམ་པར་སྣེ་སྟོན་དང་སེམས་གསོ་ལ་རེམས་དགོས་ཤིང་། གནོད་ཐེབས་མང་ཚོགས་ལ་དྲིན་ཤེས་ཤིང་ཡར་བརྩོན་བྱེད་པར་སྣེ་སྟོན་བྱེད་པ་དང་། གནོད་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སྲུང་འཛིན་བྱེད་དགོས།
             ཞིང་ཆེན་གྱི་འགོ་ཁྲིད་ཆུས་མུའུ་ཧྲི་ཧྭ་དང་ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་རྣམས་གྲོས་ཚོགས་སུ་ཞགས་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1