འགོ་འཛུགས་ས་དང་རིམ་པ་མཐོ་ས་ནས་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-15


ཉམས་དགའ་བའི་གསེར་རྟ་རྩྭ་ཐང་། ཁང་ཧྲན་གྱིས་པར་བླངས། 

   2013ལོའི་ཟླ་བ་12པའི་ཚེས་2ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁྲེན་ཏུའུ་རུ་《དཀར་མཛེས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་འཆར་འགོད་རྩ་གནད》བློ་འདྲི་ཚོགས་འདུ་འཚོགས།

   འགོ་འཛུགས་ས་དང་རིམ་པ་མཐོ་ས་ནས་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་ཆེད་དཀར་མཛེས་ཁུལ་གྱིས་ཀྲུང་དབྱང་ཚན་རིག་ཁང་གི་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་ལྟེ་གནས་ཀྱི་མི་སྣ་གདན་འདྲེན་ཞུས་ནས་སྣེ་ཁྲིད་དེ་《དཀར་མཛེས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་འཆར་འགོད》སྒྲིག་བཟོའི་ལས་ཀ་སྤེལ། དུས་རིམ་དེའི་ནང་ཀྲུང་དབྱང་ཚན་རིག་ཁང་གི་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་ལྟེ་གནས་དང་། ཀྲུང་དབྱང་ཚན་རིག་ཁང་གི་ས་གཤིས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་། ཀྲུང་དབྱང་ཚན་རིག་ཁང་ཁྲེན་ཏུའུ་སྐྱེ་དངོས་ཞིབ་འཇུག་ཁང་བཅས་ཀྱི་ཆེད་རམས་པ་སྔ་རྗེས་སུ་ཐེངས་གཉིས་ལ་དཀར་མཛེས་ཁུལ་གྱི་རྫོང་སོ་སོར་དངོས་སུ་རྟོག་ཞིབ་རྒྱ་ཁྱབ་གནང་ཞིང་། ཁུལ་རིམ་པའི་སྡེ་ཚན་ཁག་དང་། རྫོང་སོ་སོའི་རྒྱབ་སྐྱོར་དང་རམ་འདེགས་འོག་ཏུ་《དཀར་མཛེས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་འཆར་འགོད་རྩ་གནད་》སྒྲིག་བཟོ་བྱས་ཚར་བ་དང། འབྱུང་འགྱུར་གྱི་《འཆར་འགོད》སྒྲིག་བཟོ་ཡག་པོ་ཡོང་ཞིང་ཁྲིད་སྟོན་རང་བཞིན་དང་ཚན་རིག་རང་བཞིན། ལག་ལེན་རང་བཞིན་བཅས་ཇེ་ཆེར་གཏོང་བར་རྨང་གཞི་སྲ་བརྟན་བཏིང་བ་རེད།

   བློ་འདྲི་ཚོགས་འདུའི་ཐོག་བློ་འདྲིའི་ཆེད་རམས་པའི་ཚོགས་པས་《འཆར་འགོད་རྩ་གནད་》ལ་ཞིབ་ལྟ་མཛད་ཅིང་སྒྲིག་བཟོའི་ལས་ཁུངས་ཀྱི་སྙན་སེང་ལ་ཉན་འཇོག་གནང་བ་དང་། འདྲི་རྩད་དང་གྲོས་བསྡུར་བྱས་པར་བརྒྱུད་《འཆར་འགོད་རྩ་གནད་》ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་བླང་བྱ་དང་མཐུན་ཞིང་། ཁུལ་ཨུ་དང་སྲིད་གཞུང་གི་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་བཅས་ལྡན་པའི་དཀར་མཛེས་ཁུལ་གསར་པ་འཛུགས་པའི་སྐོར་གྱི་འདུ་ཤེས་ལག་བསྟར་བྱས་ཤིང་། སྐྱེ་ཁམས་ཀྱིས་ཁུལ་འཛུགས་པ་དང་ཐོན་ལས་ཀྱིས་ཁུལ་སྟོབས་ལྡན་ཡོང་བ། ཚན་སློབ་ཀྱིས་ཁུལ་དར་སྤེལ་གཏོང་བ། བཅའ་ཁྲིམས་ལྟར་ཁུལ་བཅོས་སྐྱོང་། འཆམ་མཐུན་སྤྱོད་བཟང་གིས་ཁུལ་བདེ་འཇགས་ཡོང་ཐབས་བཅས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མངོན་ཡོད་པ་བཅས་ཀྱི་ངོས་འཛིན་གནང་།

རྩྭ་ཆུ་འཛོམས་པའི་ཡུལ་གྲུ། ཧུང་ཀང་ཧྥུའུ་ཡིས་ས་པར་བླངས།

   《འཆར་འགོད་རྩ་གནད་》སྒྲིག་བཟོ་དང་ལག་བསྟར་གཏོང་རྒྱུ་ནི་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་སྤྲོད་བྱས་པ་རེད། འབྱུང་འགྱུར་རྩ་གནད་དང་ཡིག་རྐྱང་ལ་བཟོ་བཅོས་དང་ལེགས་བཅོས་བྱེད་པའི་ཚེ་ཆེད་རམས་པའི་བསམ་འཆར་ལྟར་དཀར་མཛེས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་ལྷག་པར་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ནང་དུ་བཏོན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པར་འབྲེལ་ཡོད་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་གི་ལམ་ལུགས་དང་སྤྱོད་སྒོ་དོ་དམ་ཚོད་འཛིན་ལམ་ལུགས། ཐོན་ཁུངས་སྐྱིན་ཡོད་བེད་སྤྱོད་ལམ་ལུགས་དང་སྐྱེ་ཁམས་སྐྱིན་ཚབ་ལམ་ལུགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དོ་དམ་བཅོས་བསྒྱུར་ལམ་སྲོལ་བཅས་ཀྱི་ཐད་དང་ཟུང་འབྲེལ་བྱས་ནས་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འཆར་འགོད་ལ་བཟོ་བཅོས་བྱས་པ་མ་ཟད་འབྲེལ་ཡོད་ནང་དོན་བསྣན་ནས་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་། ། 

འབག་བསླད་མ་ཐེབས་པའི་ལྗང་མདོག་གི་ཕ་ཡུལ། ཁང་ཧྲན་གྱིས་པར་བླངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1