གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༧ཚེས་༡༨ཉིན།

དབྱི་རག་གི་ཙུང་ལི་ཡིས་གྲོས་ཁང་གིས་མགོ་ཁྲིད་པ་གསར་བ་བདམས་པར་དགའ་བསུ་ཞུས།

     དབྱི་རག་གི་ཙུང་ལི་མཱ་ལེ་ཅི་ཡིས་ཚེས་16ཉིན་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གིས་གྲོས་དཔོན་དང་གྲོས་དཔོན་གཞོན་པ་གཉིས་བདམས་པར་དགའ་བསུ་ཞུས་པ་དང་། གྲོས་ཁང་གིས་རྒྱལ་ཁབ་ཁ་བྲལ་དུ་གཏོང་རྩིས་ཡོད་པའི་གཏམ་བཤད་དེ་བློ་སྤོབས་ཆེན་པོས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
     མཱ་ལེ་ཅི་ཡིས་ཉིན་དེར་གཟའ་འཁོར་རེའི་རྒྱུན་ལྡན་གྱི་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གིས་མཐུན་སྒྲིལ་བྱས་ཏེ། གང་མགྱོགས་ཀྱིས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ལ་སོགས་འདུས་པའི་བཅའ་ཁྲིམས་འཆར་ཟིན་རེ་འགར་གྲོས་མཐུན་བཀོད་དེ། སྲིད་འཛིན་སྡེ་ཁག་དང་མཉམ་ལས་སྔར་ལས་མང་བོ་བྱེད་དགོས་ཟེར། ཁོས་བསྟན་དོན། གྲོས་ཁང་གི་ལས་འགན་གཙོ་བོ་ནི་ཁ་བྲལ་རྒྱལ་ཁབ་ཀྱི་གཏམ་བཤད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཟེར།
     དབྱི་རག་རྒྱལ་དམངས་གྲོས་ཁང་གིས་ཚེས་15གྲོས་ཚོགས་བསྡུས་ཏེ། ཞུང་ནེ་ཕྱོགས་ཁག་གི་གྲོས་མི་ཀྲུའུ་པུའུ་ལི་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་དུ་བསྐོས་པ་དང་། ཧྲི་ཡེ་ཕྱོགས་ཁག་གི་གྲོས་མི་ཨ་པཱ་ཏིས་དང་ཁུའུ་ཨར་ཏི་རིགས་ཀྱི་གྲོས་མི་ཨ་ལཱ་མུའུ་གཉིས་སོ་སོར་གྲོས་དཔོན་གཞོན་པ་དང་པོ་དང་གཉིས་པར་བདམས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1