ཐང་གའི་ཚེ་སྲོག

ཅོ་ནེ་ཡུམ་ཚེ་རིང་། ﹝ཁྲེན་ཏུའུ། ﹞ རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-18



སུ་ཞིག་གིས་གནམ་སྔོན་པོར་སྐྱ་ཐིག་ཕབ།
སུ་ཞིག་གིས་ས་དོག་མོར་འཇའ་ཚོན་བྲིས།
ལོ་ཟླའི་འགྱུར་ཁུགས་ནི་མཐའ་ཡས་བའི་སྤྲིན་ཆར་གྱིས་བརླན་རུང་།
ཁྱོད་ནི། རིགས་རྒྱུད་ཅིག་གི་སྒྱུ་རྩལ་གྱི་ཡང་སྙིང་སྟེ།
བྱམས་བརྩེ་ཡི་སྙིང་བོ་མ་དོར་བའི།
ནང་སེམས་ཀྱི་རི་མོ་ལ་མཛེས་སྡུག་གི་ཁ་དོག་བསྩལ།
ཁྱེད་ཀྱི་དད་འདུན་གྱིས་དྲུབ་པའི་ལྷ་རིས་རེ་རེ་ནི།
ཆུ་དང་ཆར་པས་མ་འཇིག་པའི་གནའ་བོའི་རྟོགས་བརྗོད་རིང་མོ་ཞིག་ཏུ་གྱུར།


སུ་ཞིག་གིས་རི་མཐོན་པོར་ཚོན་རྩི་བྱུགས།

སུ་ཞིག་གིས་ཆུ་གཙང་པོར་འཛུམ་རིས་བྲིས།
རྨི་ལམ་གྱི་ཁ་དོག་ནི་བྱང་ཐང་གི་རླུང་བུ་ཡིས་དེད་རུང་།
ཁྱེད་ནི་མི་རིགས་ཤིག་གི་རྣམ་ཤེས་གསོན་པོ་སྟེ།
ཕ་མེས་ཀྱི་ཤ་དྲོད་མ་ཡལ་བའི།
ངོ་མཚར་གྱི་གཏམ་རྒྱུད་ལ་མཛེས་སྡུག་གི་ལང་ཚོ་བསྐྲུན།
ཁྱེད་ཀྱི་ཚེ་སྲོག་གིས་བསྐྲུན་པའི་བཀྲགས་མདངས་རེ་རེ་ནི།
གེགས་དང་བར་ཆད་མ་ཐེབས་པའི་མ་འོངས་ལྷ་སྒྲུང་རིང་མོ་ཞིག་ཏུ་གྱུར།  


རྩོམ་ཡིག་སྔོན་མ།
最近的雪域高原
རྩོམ་ཡིག་རྗེས་མ།
最近的雪域高原

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1