བོད་ལྗོངས་དམངས་ཁྲོད་ལྷ་མོའི་ཟློས་གར་ཚོགས་པས་ཞོ་སྟོན་གྱི་འཁྲབ་སྟོན་གྲ་སྒྲིག་བྱེད་བཞིན་ཡོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-21


        ལྷ་མོའི་ཟློས་གར་ནི་ཞོ་སྟོན་གྱི་འཁྲབ་སྟོན་གཙོ་ཆེ་བ་ཡིན་ཞིང་། གྲོང་མི་ཧ་ཅང་མང་པོས་ཞོ་སྟོན་སྐབས་ཀྱི་ལྷ་མོའི་ཟློས་གར་འཁྲབ་སྟོན་ལ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་པ་དང་། གོས་སྐུའི་ཤོམ་མཇུག་བསྒྲིལ་རྗེས་ཆེད་མངག་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་སོགས་སུ་འཁྲབ་སྟོན་གཟིགས་པར་འགྲོ་རྒྱུ་རེད། འབྲེལ་ཡོད་འཁྲབ་སྟོན་སྡེ་ཚན་གྱིས་གྲོང་མི་ཚོའི་རེ་བ་སྟོང་ཟད་དུ་མི་གཏང་བའི་ཆེད་དུ། ཟླ་བ་གཅིག་ཙམ་གྱི་སྔོན་ནས་ཆེད་མཁས་པ་གདན་འདྲེན་ཞུས་ནས་དམངས་ཁྲོད་ལྷ་མོའི་ཚོགས་པ་ཁག་ཏུ་འཁྲབ་སྟོན་པ་བསྡུ་སྐོང་བྱས་ཏེ་ཟློས་གར་སྒྲིག་འགོད་བྱེད་འགོ་འཛུགས་རྒྱུ་རེད།
        བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་འཁྲབ་ཁྲིད་པ་རྒྱལ་མཚན་གྱིས"ལོ་རེའི་ཟློས་གར་ནང་སྦྱོང་བྱེད་པའི་དུས་ཡུན་ཧ་ཅང་ཐུང་ཞིང་། ན་ནིང་ལོར་ཕལ་ཆེར་ནང་སྦྱོང་ཉིན་20བྱས་ཡོད་པ་དང་། ད་ལོར་ཉིན་15ལས་མེད་པས། ང་ཚོས་ཉིན་15རིང་ལ་འཁྲབ་སྟོན་པ་བསྡུ་སྐོང་དང་ནང་སྦྱོང་། འཁྲབ་གོས་འཁྲབ་ཆས་གྲ་སྒྲིག་སོགས་ལེགས་འགྲུབ་བྱ་དགོས་པས། དུས་ཚོད་ཧ་ཅང་ཐུང་ནའང་རྒྱ་ཆེའི་གཟིགས་མོ་བ་ཚོར་གསོན་ཉམས་ལྡན་པའི་འཁྲབ་སྟོན་འབུལ་རྒྱུའི་ཆེད་དུ། ང་ཚོས་ཅིས་ཀྱང་དུས་ཚོད་དམ་འཛིན་གྱིས་ནང་སྦྱོང་གང་མང་ཧུར་ཐག་བྱ་དགོས"ཞེས་བཤད་པ་རེད།
        ད་ལོར་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་ད་དུང་དམིགས་བཀར་དུ་དཔལ་ལྡན་དབང་ཕྱུག་དང་མེ་ཏོག་སོགས་ཆེད་མཁས་པ་གདན་འདྲེན་ཞུས་ནས་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་ལ་དེང་རབས་ཀྱི་གཞི་རྒྱུ་ཡང་ལྡན་པའི་འཁྲབ་སྟོན་སྒྲིག་འགོད་བྱས་ཡོད་པ་རེད། སྲོལ་རྒྱུན་གྱི་ལྷ་མོའི་ཟློས་གར་ནི་གྲོང་མི་ཚོས་རེ་སྒུག་ཆེན་པོ་བྱེད་བཞིན་པའི་འཁྲབ་སྟོན་ཡིན་ཞིང་། ནང་དོན་དང་འཁྲབ་སྟོན་བྱེད་སྟངས་ནི་ལོ་སྔོན་མ་དང་གཅིག་པ་རེད། ཞོལ་པ་དམངས་ཁྲོད་ལྷ་མོའི་ཟློས་གར་ནི་ཞོ་སྟོན་གྱི་རྒྱུན་ལྡན་འཁྲབ་སྟོན་ཚོགས་པ་ཞིག་ཡིན་པའི་ཆ་ནས། འགོ་ཚུགས་ཞབས་བྲོ"རྔོན་པས་འདོན་རྒྱག་པ"ནང་གི་གསོན་ཉམས་ལྡན་པའི་འཁྲབ་སྟོན་ཕུད། ཟླ་8ཚེས་25ཉིན་དང་ཚེས་27ཉིན་སོ་སོར་རྫོང་རྒྱབ་ཀླུ་ཁང་དང་ནོར་བུ་གླིང་ཁ་རུ་《གཟུགས་ཀྱི་ཉི་མ་》དང ་《པདྨ་འོད་འབུམ་》ཞེས་པའི་གསོན་ཉམས་ལྡན་པའི་འཁྲབ་སྟོན་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1