གཡུ་འབྲུག་རྩེའི་འཁྱགས་ཀླུང་གི་འབོད་སྐུལ་།

ཤེས་བྱ རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-21


        

        མཚོ་བོད་མཐོ་སྒང་ནི་འཛམ་གླིང་སྟེང་གི་འཕྲེད་ཐིག་དམའ་འབྲིང་ས་ཁུལ་གྱི་འཁྱགས་ཀླུང་གི་ལྟེ་བ་ཡིན་ཞིང་། ད་ལྟའི་དུས་ཀྱི་འཁྱགས་ཀླུང་ཆགས་ཚད་རྒྱལ་ཡོངས་འཁྱགས་ཀླུང་གི་རྒྱ་ཁྱོན་གྱི་ལྔ་ཆ་བཞི་ཡན་ཟིན་ཡོད་ལ་གཡུ་འབྲུག་རྩེའི་འཁྱགས་ཀླུང་ནི་དེའི་ཁྲོད་ཀྱི་གཞི་རྒྱ་ཆེ་ཤོས་ཤིག་ཡིན།

        མཚོ་སྔོན་ཞིང་ཆེན་ན་གོར་མོའི་ལྷོ་ཕྱོགས་ཁུ་ནུ་རི་བོའི་ལུང་མདོ་ནས་ཤར་དུ་སྤྱི་ལེ་10ཡོད་པའི་ས་ན་གངས་རི་གཡུ་འབྲུག་རྩེ་ལྷུན་ནེར་འགྱིང་ཡོད་ཅིང་། གཡུ་འབྲུག་རྩེའི་རི་རྩེ་ནི་ལོ་འཁོར་མོའི་རིང་གངས་འཁྱགས་ཀྱིས་གཡོགས་ཤིང་དེའི་འདབས་སྐེད་ན་འཁྱགས་ཀླུང་ཆེན་པོ་བརྗིད་ཉམས་ཀྱིས་ཆགས་ཡོད། འཁྱགས་ཀླུང་གི་གཞི་རྒྱ་ཆེ་ལ་ཆ་སྙོམས་མཐོ་ཚད་མཚོ་འཕགས་སྨི་4750ལྷག་ཡིན་ཞིང་། གནས་འདི་ན་རང་བྱུང་ལྷུན་གྱིས་གྲུབ་པའི་འཁྱགས་རོམ་གྱི་མཆོད་རྟེན་སོགས་བཟོ་དབྱིབས་འདྲ་མིན་སྣ་ཚོགས་ཀྱི་མཛེས་ལྗོངས་ལྟ་བས་མི་ངོམས་པ་ཡོད། ཡིན་ནའང་ལོ་རེ་ནས་ལོ་རེ་བཞིན་ཇེ་དྲོར་འགྲོ་བཞིན་པའི་འཛམ་གླིང་ནམ་ཟླའི་འགྱུར་ལྡོག་གི་དབང་གིས་འཁྱགས་རོམ་གྱི་ཞི་ཚད་མགྱོགས་ལ་འཁྱགས་པའི་རླུང་ཟད་ཐེབས་ཚད་ཁྱབ་ཆེ་བས་གཡུ་འབྲུག་རྩེའི་འཁྱགས་ཀླུང་གི་རྒྱ་ཁྱོན་ཡང་ཇེ་ཆུང་དུ་འགྲོ་བཞིན་ཡོད།

        འཁྱགས་ཀླུང་གི་རྒྱ་ཁྱོན་ཇེ་ཆུང་དུ་སོང་བ་འདིས་གོ་ལ་རིལ་པོའི་སྟེང་ལ་ཧམ་སེམས་ཀྱིས་འཚོ་བའི་མིའི་རིགས་ལ་གཟབ་ནན་གྱིས་འབོད་སྐུལ་ཞིག་གཏོང་བཞིན་འདུག དེ་ནི་མྱུར་བ་མྱུར་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་རང་བྱུང་ཐོན་ཁུངས་ལ་སྲི་ཚགས་བྱ་དགོས་པའོ།།  




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1