ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས འཚམ་མཐུན་ཡོང་བའི་ཚན་རིག་གི་གོ་དོན།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-22


        ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བ་ཞེས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་དམའ་རིམ་དུས་སྐབས་འདིའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིར་བཟུང་ནས། ཀྲུང་གོ་གསར་པ་བཙུགས་ཚུན་གྱི་ཆོས་ལུགས་ལས་ཀའི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས། ཆོས་ལུགས་ལས་ཀར་མཛུབ་སྟོན་བྱེད་པར་སྟོན་པའི་ཡང་དག་པའི་བྱེད་ཕྱོགས་ཤིག་རེད། འཚམ་མཐུན་ཡོང་བ་ཞེས་པ་འདི་ཆོས་པ་ཚོས་ལྷ་ཡོད་སྨྲ་བའི་བསམ་བློ་དང་ཆོས་ལུགས་དད་མོས་བསྐྱུར་དགོས་ཟེར་བ་མ་ཡིན་པར། ཆབ་སྲིད་ཀྱི་ཐད་ནས་མང་ཚོགས་ཀྱིས་རྒྱལ་ཁབ་ལ་དགའ་ཞེན་ཡོད་དགོས་ཤིང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་རྒྱབ་སྐྱོར་དང་། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་ལ་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག སྤྱི་ཚོགས་རིང་ལུགས་ལ་མི་འཚམ་པའི་ཆོས་ལུགས་ལམ་སྲོལ་དང་ལུང་ཚིག་རྣམས་བཅོས་བསྒྱུར་བྱེད་པ་དང་། དུས་མཚུངས་སུ་ཆོས་ཀྱི་སྙིང་པོ་དང་འདུལ་ཁྲིམས། ཆོས་ལུགས་ཀུན་སྤྱོད་ཁྲོད་ཀྱི་ཡར་སྐུལ་གྱི་ཆ་རྣམས་སྔོག་འདོན་དང་དར་སྤེལ་བྱས་ནས་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་བསྒྲུབ་ཏུ་འཇུག་དགོས། དེའི་གཞི་རྩའི་གོ་དོན་དེ་མདོར་བསྡུས་ན་བླང་བྱ་གཉིས་དང་རྒྱབ་སྐྱོར་ལྔ་ཡིན་ཏེ། ཆོས་ལུགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་མེས་རྒྱལ་ལ་དགའ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་སྲུང་། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་ལ་བརྩི་བཀུར། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། བྱེད་ཕྱོགས་སྲིད་ཇུས་བཅས་ལ་བརྩི་སྲུང་བྱ་དགོས་པ་ཡིན། ཆོས་ལུགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་སྒྲུབ་པའི་ཆོས་ལུགས་བྱེད་སྒོ་སྤེལ་བ་དེས་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ཁེ་ཕན་དང་མི་རིགས་སྤྱིའི་ཁེ་ཕན་དང་དུ་བླངས་ནས་དེར་ཞབས་ཞུ་བསྒྲུབ་དགོས་པ་ཡིན། ཆོས་ལུགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་རྒྱལ་གཅེས་ཆོས་གཅེས་དང་མཐུན་སྒྲིལ་ཡར་རྒྱས། སྤྱི་ཚོགས་ཞབས་ཞུ། འཚམ་མཐུན་ཁོག་ཡངས་ཀྱི་ལུགས་སྲོལ་བཟང་པོ་སྤེལ་བར་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་པ། ཁོང་ཚོས་མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཡར་རྒྱས། སྤྱི་ཚོགས་འཆམ་མཐུན། མེས་རྒྱལ་གཅིག་གྱུར་བཅས་ཀྱི་ཐད་ལ་བྱས་རྗེས་མང་ཙམ་འཇོག་པར་རྒྱབ་སྐྱོར་བྱེད་པ། ཁོང་ཚོས་ཆོས་ཀྱི་སྙིང་པོ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པར་འགྲེལ་བཤད་རྒྱག་པར་རྒྱབ་སྐྱོར་བྱེད་པ། ཁོང་ཚོས་ཆོས་དད་མང་ཚོགས་ཀྱིས་ཏང་ལ་ཆ་རྒྱུས་ཇེ་ཆེར་ལོན་པར་རྒྱབ་སྐྱོར་བྱེད་པ། ཁོང་ཚོས་ཆོས་ལུགས་བེད་སྤྱད་དེ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་པའི་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་བར་ངོ་རྒོལ་དང་བཀག་སྡོམ་བྱེད་པར་རྒྱབ་སྐྱོར་བྱས་ནས། ཆོས་དད་མང་ཚོགས་རྣམས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་བྱེད་པའི་རླབས་ཆེན་དམིགས་འབེན་ལ་གཏད་དེ་མཐུན་སྒྲིལ་བྱེད་ཅི་ཐུབ་བྱ་དགོས།

        ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་སྤྱི་དམངས་ཀྱི་འདུ་ཤེས་བཟུང་ནས། རྒྱལ་གཅེས་དང་ཆོས་གཅེས་གཉིས་ཀ་གཅིག་ཏུ་སྦྲེལ་དགོས། ཆོས་ལུགས་ལས་རིགས་ཀྱིས་རྒྱལ་ཁབ་དར་རྒྱས་ཡོང་བ་དང་མི་རིགས་སྟོབས་འབྱོར་ཅན་དུ་འགྱུར་བར་སེམས་ཁུར་བྱེད་པ་རང་འགན་དུ་བཟུང་ནས། རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ཁེ་ཕན་དང་མི་རིགས་སྤྱིའི་ཁེ་ཕན་གཙོ་གནད་དུ་འཛིན་དགོས། ཆོས་ལུགས་བྱེད་སྒོ་སྤེལ་བ་དེས་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་དང་དུ་བླངས་ནས་ཞབས་ཞུ་བྱེད་པ། ཁྲིམས་ལུགས་ཀྱི་ཟིལ་ཤུགས་དང་མི་དམངས་ཀྱི་ཁེ་ཕན། མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་བཅས་ལ་སྲུང་སྐྱོང་བྱ་དགོས། འདི་ནི་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་རིགས་མི་སྣ། ཆོས་དད་མང་ཚོགས་ཚང་མས་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་ཚད་གཞི་ཡིན།

        ཆོས་དད་མང་ཚོགས་དང་ཆོས་ལ་དད་པ་མེད་པའི་མང་ཚོགས་བར། ཆོས་ལུགས་སོ་སོའི་བར། གྲུབ་མཐའ་ཁག་བཅས་ཀྱི་བར་ལ་ཕན་ཚུན་བརྩི་བཀུར་དང་མཐུན་འགྲིག་མཉམ་གནས་བྱ་དགོས། ཆོས་ལ་དད་པ་ཡོད་མེད་ཀྱིས་དབྱེ་བ་ཕྱེས་ནས་མི་དང་མིའི་བར་ལ་རྒྱང་བཅར་དང་འགལ་བ་འབྱུང་མི་རུང་། རང་བསྟོད་གཞན་སྨད་ཀྱིས་ཆོས་ལུགས་དང་གྲུབ་མཐའ་གཞན་དག་ཁས་མི་ལེན་པར་ཆོས་ལུགས་འགལ་རྐྱེན་དང་གྲུབ་མཐའ་འཁྲུག་རྩོད་བྱེད་མི་རུང་ཞིང་མཐུན་སྒྲིལ་གཙོ་བོར་བཟུང་ནས་རང་མོས་ཀྱིས་མི་སྒེར་འཚམ་མཐུན་དང་སྤྱི་ཚོགས་གཏན་འཇགས་ཡོང་བར་སྲུང་སྐྱོང་བྱ་དགོས།
ཆོས་ལུགས་ལས་རིགས་ཀྱིས་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་དར་སྤེལ་གཏང་བ་དང་། སྤྱི་ཚོགས་འཕེལ་རྒྱས་ལ་མི་འཚམ་པའི་ནང་དོན་རྣམས་བཅོས་བསྒྱུར་དག་ཐེར་བྱས་ནས། དུས་རབས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་ལས་དོན་ལ་རྒྱབ་སྐྱོར་བྱ་དགོས། ཆོས་ལུགས་ཁྲོད་ཀྱི་ཡར་བརྩོན་གྱི་ནང་དོན་སྤེལ་བ་དང་། སྒྱིད་ལུག་གི་ཆ་སྤངས་པ། སྤྱི་ཚོགས་འཕེལ་རྒྱས་ལ་མི་འཚམ་པའི་ནང་དོན་དག་ཐེར་བྱས་ན། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་ནུས་པ་བཟང་པོ་འཐོབ་ངེས་ཡིན། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བར་སྣེ་ཁྲིད་བྱ་རྒྱུ་དེ་དུས་ཡུན་རིང་པོར་བརྒྱུད་དགོས་ཏེ། ཏང་དང་སྲིད་གཞུང་གིས་སྣེ་ཁྲིད་ཧུར་ཐག་བྱ་དགོས་ལ། ཆོས་ལུགས་ལས་རིགས་རང་ཕྱོགས་ནས་འབད་བརྩོན་ལྷོད་མེད་བྱ་དགོས། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1