ཨི་ཟི་རེལ་གྱིས་ཨི་ཟི་རེལ་དང་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་ཉེས་ཅན་གྱིས་འཁྲུག་རྩོད་བྱས་པར་བཤད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-21


      ཨི་ཟི་རེལ་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱས་པ་དང་། བྱིས་པ་བཞི་ལ་ཨི་ཟི་རེལ་གྱི་མཚོ་དམག་གི་སྒྱོགས་མདེལ་གྱི་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བས་གཉེན་ཉེ་དག་ལ་སེམས་ངལ་ཆེན་པོ་བྱུང་། བསྒྲགས་པའི་གནས་ཚུལ་ལྟར་ན། བྱིས་པ་དེ་བཞི་བོ་ནི་ཅཱ་ཧྲ་ས་ཁུལ་གྱི་རུས་པེ་ཁི་ཟེར་བའི་ཁྱིམ་ཚང་ཞིག་གི་རེད་ཟེར།

     ཨི་ཟི་རེལ་སྲིད་གཞུང་སྡེ་ཁག་གི་དཔོན་རིགས་ཀྱིས་བཤད་རྒྱུར། ཨི་ཟི་རེལ་གྱི་དམག་དཔུང་དང་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་ཉེས་ཅན་གྱིས་མཐའ་མཚམས་ས་ཁུལ་ནས་འཁྲུག་རྩོད་བྱས་ཟེར།
     ཨི་ཟི་རེལ་སྤྱི་བའི་བདེ་འཇགས་པུའུ་ཡི་པུའུ་ཀྲང་གིས་ཨི་ཟི་རེལ་གྱི་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨི་ཟི་རེལ་གྱི་དམག་དཔུང་དང་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་ཉེས་ཅན་གྱིས་འཁྲུག་རྩོད་བྱས་པར་བཤད་ཀྱང་། འཁྲུག་རྩོད་བྱེད་སའི་གནས་གང་ཡིན་གསལ་བོར་མ་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1