བུག་རྗེ་ཡུལ་ཚོའི་གླང་རྔ་ཁྲོམ་རར་བཀྲམས་ནས་གྲུབ་འབྲས་ཆེན་པོ་བླངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-31


        བུག་རྗེ་ཡུལ་ཚོ་ཁ་ལུང་སྡེ་བ་ནི་གནད་འཁེལ་དབུལ་ཐར་སྡེ་བའི་ཁྲོད་ཀྱི་གཅིག་ཡིན་པ་དང་། ཇི་ལྟར་དབུལ་ཐར་བྱེད་པ་ནི་ཁ་ལུང་སྡེ་བའི་དཀའ་ཁག་ཆེས་ཆེ་ཤོས་སུ་གྱུར་ཡོད། སྲོལ་རྒྱུན་གྱི་ཞིང་ལས་ཐོན་འབབ་དམའ་བ་དང་། དཔལ་འབྱོར་གྱི་ཁེ་འབབ་ཞན་པའི་རྐྱེན་གྱིས་སྲོལ་རྒྱུན་གྱི་འདེབས་འཛུགས་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་བྱ་རྒྱུ་ཕལ་ཆེར་དཔེ་མི་སྲིད་པ་ཞིག་ཏུ་ཆགས་འདུག ན་ནིང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལྷོད་མེད་ཀྱི་འབད་བརྩོན་ལ་བརྟེན་ནས། ཉམས་མྱོང་ཅན་གྱི་འདེབས་འཛུགས་མཁན་ཡང་ཀོའོ་ཧྭ་གདན་འདྲེན་བྱས་ཏེ། ཁ་ལུང་སྡེ་བར་ས་ཞིང་འགན་ལེན་བྱེད་དུ་བཅུག་ཅིང་། མཐོ་སྒང་ལྗང་མདོག་གི་སྔོ་ཚོད་འདེབས་འཛུགས་བྱས།  
        ད་ལོར། ཡང་ཀའོ་ཧྭ་ཡིས་མུའུ་30ལྷག་ཡོད་པའི་འཁོར་བསྐྱོད་ས་ཞིང་བེད་སྤྱོད་བྱས་ནས། རབས་གསུམ་དུ་བགོས་ཏེ་གླང་རྔ་འདེབས་འཛུགས་བྱས་ཤིང་། ཆེད་ལས་མཉམ་སྒྲུབ་ཁང་+རྟེན་གཞི་+ཞིང་ཁྱིམ་གྱི་ཚོང་གཉེར་ཐབས་ལམ་ཁྱབ་བརྡལ་དུ་བཏང་བ་མ་ཟད་། སྐྱེ་ཁམས་དང་ལྗང་མདོག ནུས་ཆོད་མཐོ་བའི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་བྱས་པ་དང་། ད་དུང་ས་གནས་རང་གི་སྡེ་མི་དག་མཉམ་སྒྲུབ་ཁང་གི་ལས་བཟོ་བར་གདན་དྲངས་ནས། ཁྱིམ་དུ་བསྡད་ཡོད་པའི་ཞིང་འབྲོག་རྣམས་ཀྱིས་སྡེ་བའི་ཕྱི་ལ་མ་སོང་བར་ཁེ་འབབ་ཆེན་པོ་རག་ཡོད་ལ། མང་ཚོགས་ཀྱི་ཡོང་འབབ་རག་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། གཞན་བརྟེན་དབུལ་སྐྱོར་ནས་རང་བརྟེན་དབུལ་སྐྱོར་དུ་བསྒྱུར།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1