སི་ཁྲོན་གྱིས“ཡུལ་སྐོར+ཚན་རྩལ”གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་མ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 09-12


        ཉེ་ལམ། མན་དབྱང་དུ་འཚོགས་པའི་སི་ཁྲོན་ཞིང་ཆེན་ཡུལ་སྐོར་ལས་རིགས་ཀྱི་ལག་རྩལ་གསར་པ་བཀོལ་སྤྱོད་ཚོགས་ཆེན་ཐོག སི་ཁྲོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་སི་ཁྲོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གིས་《སི་ཁྲོན་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་ཀྱི་ལག་རྩལ་གསར་པ་བཀོལ་སྤྱོད་ཀྱི་མཛུབ་ཁྲིད་རྩ་དོན་》དང་《ཁག་དང་པོའི་ཞིང་ཆེན་རིམ་པའི་ཚན་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞི་འཛུགས་པའི་མཚན་ཐོ་》མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་ནས་སི་ཁྲོན་གྱི་ཡུལ་སྐོར་ལས་རིགས“ཡུལ་སྐོར+ཚན་རྩལ”གྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་འགྲུབ་རྒྱུར་སྐུལ་མ་བཏང་བ་རེད། 
       《སི་ཁྲོན་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་ཀྱི་ལག་རྩལ་གསར་པ་བཀོལ་སྤྱོད་ཀྱི་མཛུབ་ཁྲིད་རྩ་དོན་》ཁྲོད་སྤྲིན་རྩིས་དང་། གྲངས་གཞི་ཆེན་པོ། མི་ཐབས་ཀྱི་རིག་ནུས་བཅས་དང་དེ་བཞིན་ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། གྱོན་ཆོག་པའི་རིག་ནུས་སྒྲིག་ཆས་སོགས་རིགས་ཆེ་གྲས་ལྔ་ཡི་ལག་རྩལ་གསར་པ་ཁག་21དང་འབྲེལ་བ་ཡོད་ཅིང་། དེའི་དམིགས་ཡུལ་ནི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པའི་བཀོལ་སྤྱོད་སི་ཁྲོན་གྱི་ཡུལ་སྐོར་འཕེལ་རྒྱས་གསར་གཏོད་ཀྱི་སྒུལ་ཤུགས་དང་གཙོ་གནད་ཅིག་ཏུ་བརྩི་རྒྱུ་དེ་རེད། ཁྲེང་ཏུའི་དོམ་ཁྲ་སྐྱེད་སྲིང་ཞིབ་འཇུག་རྟེན་གཞི་དང་། དབུན་ཁྲོན་དབྱིང་ཤིའུ་གེགས་འགོག་གེགས་སེལ་གྱི་ཚན་རྩལ་ཁྱབ་གདལ་རྟེན་གཞི། ཤིས་ཁྲང་སྲུང་སྐར་འཕེན་གཏོང་རྟེན་གཞིའི་མཛེས་ལྗོངས་ཁུལ་སོགས་ཚན་པ་10ཁག་དང་པོའི་ཞིང་ཆེན་རིམ་པའི་ཚན་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞིར་གྱུར་ཏེ་ཡུལ་སྐོར་དང་ཚན་རྩལ་མཉམ་འདྲེས་ལ་སྣེ་ཁྲིད་ནས་སྐུལ་མ་བཏང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1