ཁྲོ་ཆུ་རྫོང་གིས་བོད་ཕག་གསོ་སྤེལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-13


        ཁྲོ་ཆུ་རྫོང་ཚེ་ཀ་སྡེ་བ་ཆགས་ཡུལ་གྱི་ས་བབ་མཐོ་ཞིང་། ཞིང་ལས་ཀྱི་ཐོན་ཚད་ཉུང་བ་དང་། ལོ་ངོ་མང་བོའི་རིང་དུ་ནོར་གནག་འཚོ་སྐྱོང་དང་ཀྲུང་དབྱི་སྨན་རྫས་ཀྱི་རྒྱུ་ཆར་བརྟེན་ནས་ཡོང་སྒོ་འཚོལ་དགོས་པ་རེད། ཉེ་བའི་ལོ་འགའི་རིང་དུ་ཚེ་ཀ་སྡེ་བས་དེ་ལས་ལེགས་པའི་ཁྱད་ཆོས་ལྡན་པ་མཐོང་སྟེ།  གནས་དེའི་ཁྱད་འཕགས་ཀྱི་ས་གཤིས་ལ་བརྟེན་ནས་བོད་ཕག་གསོ་སྤེལ་མཉམ་ལས་ཁང་བཙུགས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་བགྲོད་ལམ་གསར་པ་རྙེད་པ་རེད།
        རྒྱུས་ལོན་བྱས་པ་ལྟར་ན། མ་འོངས་པའི་ལོ་འགའི་རིང་དུ་མཉམ་ལས་ཁང་གིས་གཞི་ཁྱོན་སྔར་ལས་རྒྱ་སྐྱེད་དེ་བོད་ཕག་ཉིས་བརྒྱ་ལྷག་གསོ་རྩིས་ཀྱི་འཆར་གཞི་ཡོད་པ་དང་། ལོ་རེའི་ཡོང་འབབ་སྒོར་འབུམ་གཅིག་ཡོད་པར་བརྩོན་ལེན་བྱ་རྩིས་ཡོད་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1