གསེར་མདོག་གི་སྟོན་དུས་སུ་ལོ་ལེགས་ཀྱི་དགའ་སྤྲོ་གླེང་།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-18


        སྟོན་གྱི་བུ་མོ་དལ་བུར་བགྲོད་བཞིན་ཡོད་ལ། གནའ་གྲོང་ལྷ་སར་ཡང་སྟོན་དུས་ཀྱི་རྣམ་པས་རིམ་པར་ཁེངས་བཞིན་ཡོད་པ་རེད།

        སྟོན་འགོ་ཚུགས་རྗེས། ཉིན་དཀར་གྱི་ཉི་འོད་ཡིན་ན་ཡང་། དྲོ་ཚད་ཅུང་ཙམ་ཞན་དུ་གྱུར་ཡོད་པ་རེད། སྒེའུ་ཁུང་ཕྱི་རོལ་དུ་བལྟས་ན། གསེར་མདོག་ལམ་མེར་འཕྲོ་བ་ནི་རླུང་གིས་གཡོ་བའི་ནས་ཞིང་ཞིག་དང་འདྲ་བར། གསེར་མདོག་གི་ཆུ་རིས་ཤིག་འཕྱུར་བཞིན་གདའ།

        སྟོན་ཁ་ནི་གསེར་མདོག་ཡིན་ལ། དེ་བས་ཀྱང་ལོ་ལེགས་བྱུང་བའི་དུས་ཚིགས་ཤིག་ཡིན། ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སྟོན་དུས་ཀྱི་གནམ་གཤིས་བཟང་པོ་དང་མཉམ་དུ། ལོ་ལེགས་ཀྱི་དགའ་སྤྲོས་ཡོངས་སུ་ཁེངས་ཡོད་པ་རེད།

        འོང་སྐོར་ཡང་ལོ་ལེགས་འབྱུང་བའི་རྟགས་མཚན་ལྡན་པའི་དུས་ཚིགས་ཀྱི་རྣམ་པ་ཞིག་ཡིན་པ་རེད། 2014ལོའི་ཟླ་11ཚེས་11ཉིན། འོང་སྐོར་དུས་ཆེན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད། རེས་སྐོར་བཞི་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བཅུག་པ་རེད།

        ཆུ་ཤུར་རྫོང་དུ་བསྐྱོད་རྗེས། གཞུང་ལམ་ཕྱོགས་གཉིས་ཀྱི་ཞིང་ཁ་རུ། ས་གནས་དེ་གའི་མང་ཚོགས་ཀྱིས་རང་མོས་ངང་རུ་དཔུང་བསྒྲིགས་ནས་ཆོས་དཔེ་འཁུར་བ་དང་། བསང་གཏོང་བ། ཞལ་འདོན་བྱེད་པ། ཞིང་ཁར་བསྐོར་བ་སོགས་ནས་འོང་སྐོར་གྱི་བྱེད་སྒོ་སྤེལ་བཞིན་ཡོད་པ་རེད།

        བྱེད་སྒོ་མཇུག་རྫོགས་རྗེས། བཙས་མ་རྔ་འགོ་ཚུགས་པ་རེད། ཆུན་བུ་རེ་རེ་བཞིན་བརྔས་ནས་སར་འཇོག་བཞིན་འདུག རྒྱང་མི་རིང་བ་ཞིག་ན། མི་མང་པོ་ཞིག་གིས་ཆུན་བུ་དེ་དག་འདྲུད་འཐེན་འཁོར་ལོའི་ཐོག་དབོར་ནས་བྲེལ་ཟིང་ཧ་ཅང་ཆེ་བའི་ངང་ཚུལ་སྣང་ཡོང་།
        ཞིང་ཁར་ངལ་རྩོལ་བྱེད་པའི་གནམ་མ་གྲོང་ཚོའི་ཨ་ཁུ་སྐལ་བཟང་ལགས་ཀྱིས"ད་ལོ། ཆར་ཆུ་འབེལ་བའི་དབང་གིས་ལོ་ཏོག་ཡག་པོ་འདུག་པས། ལོ་ལེགས་ཡོང་ངེས་རེད་འདུག"ཅེས་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1