ཁྲོ་ཆུ་རྫོང་གིས་ཞིང་བ་རྣམས་ལ་འབྲུ་མཛོད་སྦྱིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 09-25


        ཞིང་བའི་འབྲུ་རིགས་གསོག་འཇོག་གི་ཆ་རྐྱེན་ལེགས་བཅོས་དང་། སྔོན་ཆད་ལས་འབྲུ་རིགས་གསོག་འཇོག་བྱེད་པ་ཚད་ལྡན་དུ་བཏང་ཏེ། ཞིང་ཁྱིམ་གྱི་འབྲུ་རིགས་གསོག་འཇོག་གི་གྱོང་གུད་ཇེ་ཉུང་དུ་གཏོང་ཆེད། ཁྲོ་ཆུ་རྫོང་གིས་རིན་མི་དགོས་པའི་ངང་ནས་འབྲུ་མཛོད་ཆུང་ངུ་སྟོང་བརྒྱད་སྦྱིན་གཏོང་བྱས་ནས། ཞིང་བ་རྣམས་ཀྱིས་སེམས་བདེ་མོའི་ངང་ནས་འབྲུ་རིགས་གསོག་འཇོག་བྱེད་ཐུབ་པ་བྱུང་།
        གསར་འགོད་པས་རྒྱུས་ལོན་པར་ལྟར་ན། ཟས་རིགས་ཅུས་ཀྱིས་ལོ་རེར་ཞིང་བ་རྣམས་ལ་འབྲུ་མཛོད་ཆུང་ངུ་རེ་སྦྱིན་ནའང་ད་ལོར་ལོ་སྔོན་མ་དང་མི་འདྲ་བར། ཁྱིམ་ཚང་རེ་རེས་རིན་མི་དགོས་པའི་ངང་ནས་འབྲུ་མཛོད་ཆུང་ངུ་རེ་བླངས་ན་ཆོག་གི་ཡོད་པ་རེད།
        ཞིང་བ་རྣམས་ཀྱིས་ཚན་རིག་དང་ལུགས་མཐུན་སྒོས་འབྲུ་རིགས་གསོག་འཇོག་བྱེད་དགོས་པ་ནི་རྒྱལ་ཁབ་ཟས་རིགས་ཅུས་ཀྱི་དམངས་ཕན་སྲིད་ཇུས་ཀྱི་བྱེད་ཐབས་ཅིག་ཡིན།ད་ལོར།ཁྲོ་ཆུ་རྫོང་གིས་སྡོམ་པའི་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་བརྒྱད་ཁྲི་གཅིག་སྟོང་གཉིས་བཏང་ནས་རྫོང་ཡོངས་ཀྱི་ཡུལ་གྲོང་དང་སྡེ་བ་སོ་སོར་འབྲུ་མཛོད་ཆུང་ངུ་སྟོང་བརྒྱད་ལྷག་སྦྱིན་གཏོང་བྱས་ཡོད། འདི་ལས་དམངས་ཕན་སྲིད་ཇུས་ཁྱབ་གདལ་ངང་ཞིང་ཁྱིམ་དུ་དོན་འཁྱོལ་བྱས་ཡོད་པ་ཡང་མཚོན་ཐུབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1