འདབ་པ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་བཏང་།

ཡེ་ཤེས་ཕན་བདེ་དང་ཀྲུའུ་ཡན་བཅས་ཀྱིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-26


        རླངས་འཁོར་གྱི་སྒེའུ་ཁུང་ཕྱི་རོལ་དུ་བལྟས་ན། གཞུང་ལམ་གྱི་འགྲམ་དང་ཆུ་རྒྱུད་ཀྱི་འགྲམ་དུ་མཐོ་སྒང་གི་སྐལ་བཟང་མེ་ཏོག་ཤར་བཞིན་ཡོད་པར་མ་ཟད། རྒྱུ་ཆུ་འགྲམ་གྱི་ཆུ་རགས་ཀྱང་ཡུལ་ལྗོངས་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་དང་ཉམས་གསོ་བྱས་ཡོད། དྲག་ཆར་འབབ་དུས་ཆུ་ལོག་བྱུང་ནས་ང་ཚོའི་ལོ་ཏོག་ལ་གནོད་འཚེ་ཆེན་པོ་བྱུང་བ་རེད། རྫོང་གིས་ད་ལོར་ཆུ་རྒྱུད་དེའི་ཆུ་རགས་ལས་མགོ་བཙུགས་པ་རེད། ད་ཆར་ཆུ་ཇི་འདྲ་འབེལ་ཡང་ལོ་ཏོག་ལ་མི་དགྲ་བར་མ་ཟད་ལྟ་ས་ཡང་ཡག་མོ་རེད་ཅེས་ཡུལ་མི་སྐལ་བཟང་དོན་འགྲུབ་ཀྱིས་དེ་ལྟར་བཤད་པ་རེད།
        འདབ་པ་རྫོང་གིས་རི་ལ་ནགས་ཤིང་བཙུགས། རྒྱུག་ཆུ་མཚེའུ་ལ་བསྒྱུར་བ་དང་ལམ་ཁར་མེ་ཏོག་འདེབས་པའི་ཐབས་ཇུས་དང་བསྟུན་ནས་རྫོང་གི་གཞུང་ལམ་གཙོ་བོ་དང་རྒྱུག་ཆུ་སོགས་ཕྱོགས་བསྡུས་ཀྱིས་བཀོད་སྒྲིག་བྱས་ནས་ཡུལ་སྐོར་སྤྲོ་འཆམ་བྱེད་ས་བཟོ་སྐྲུན་བྱས་པ་རེད། 
        ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས། ཆུ་དོན་ཅུས་ཀྱི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདབ་པ་རྫོང་ལ་ཡུལ་སྐོར་བྱེད་ས་གྲགས་ཅན་ཉི་སྟེན་ཡོད་ཅིང་། འགྲུལ་པ་ནི་ལོ་རེ་ལེ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། འགྲུལ་པ་མང་པོ་ལམ་ཐག་རིང་པོ་ནས་ཡོང་བ་དང་། ཉི་སྟེན་དུ་མ་སླེབས་གོང་ལ་ངལ་གསོ་ས་ཞིག་དང་ལྟད་མོ་ལྟ་ས་ཞིག་ཡོད་པའི་ཆེད་དུ་ཨར་ལས་དེ་དག་འཛུགས་སྐྲུན་བྱས་པ་རེད།  རྗེས་སུ་སྤྱི་གཉེར་ཁང་ཞིག་དང་གན་རྒྱ་བཞག་ནས་སྲིད་གཞུང་གིས་སྒྲིག་ཆས་འཛུགས་སྐྲུན་བྱེད་ཅིང་སྤྱི་གཉེར་ཁང་གིས་ལས་གཉེར་བྱེད་པ་དང་མང་ཚོགས་ཀྱིས་མ་རྐང་འཇོག་པའི་ཐབས་ཤེས་སྤྱད་དེ་བཟོ་སྐྲུན་དེ་དག་གཞི་ཁྱོན་ཅན་དུ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏང་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1