རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་དབུ་བརྙེས་ནས་ ལོ་འཁོར་60ལོན་པའི་རྟེན་འབྲེལ་ཚོགས་ཆེན་འཚོགས་པ།

མགོན་པོ་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-26


        ཟླ་9བའི་ཚེས་23ཉིན། རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་དབུ་བརྙེས་ནས་ལོ་འཁོར་60ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འབར་ཁམས་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས། ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་ཚོགས་ཆེན་གྱི་གཙོ་འགན་བཞེས།
        ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། བོད་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ཧྥུ་གོ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཝེ་གོ  ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ཨུའི་ཀྲུའུ་རེན་དཔའ་རིས་ཁམས་རྒྱལ། ཞིང་ཆེན་མི་རིགས་ཆོས་ལུགས་ཨུའི་ཀྲུའུ་རེན་གཞོན་པ་ལི་ཁའེ། སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་གི་སློབ་གཙོ། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྲུལ་སྐུ་རྒྱལ་བསྟན་བློ་བཟང་བྱམས་པ། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སློབ་དཔོན་ཆེན་མོ་ཏ་ཨེན། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་པངྨ་བདེ་སྐྱིད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀོ་ཉིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་མིང་ཧུའེ་རྣམས་ཚོགས་འདུར་ཞུགས། 
        རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟག་ཚ་སྤྲུལ་སྐུ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོས་ཤིས་ཚིག་ཕུལ།
        ལིའུ་ཙུའོ་མིང་གིས་ཁུལ་ཨུ་དང་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་མཛད་ནས་རྔ་ཁུལ་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ལ་འཚམས་འདྲི་ཞུས། ཁོང་གིས་སྤྱི་ལོ་1957ལོའི་ཟླ་9བའི་ཚེས་12ཉིན། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྔ་བ་ཁུལ་ཡན་ལག་མཐུན་ཚོགས་ལྷ་རྒྱལ་གླིང་དུ་དབུ་བརྙེས་པ་དང་། ལོ་ངོ་60རིང་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་རྒྱ་ཆེ་བའི་གྲྭ་བཙུན་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་འབྲས་ཐོན་པའི་ལས་དོན་མང་བོ་བསྒྲུབས་པས། རྔ་ཁུལ་གྱི་གྲུབ་མཐའ་རིས་མེད་ཀྱི་ཆོས་ལུགས་འཆམ་མཐུན་དང་། སྤྱི་ཚོགས་བརྟན་བརླིང་ཡོང་པར་བྱས་རྗེས་བླ་ན་མེད་པར་བཞག་ཅེས་ནན་གྱིས་བསྟན། 
        ཚོགས་འདུར་ད་དུང་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཀྲུང་གོའི་བོད་རིག་པའི་མཐོ་རིམ་ནང་བསྟན་སློབ་གླིང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་སོགས་ཀྱི་སྡེ་ཁག་དང་སྒེར་མིས་བསྐུར་བའི་རྟེན་འབྲེལ་ཞུ་འཕྲིན་དང་ཞུ་ཡིག་བསྒྲགས་པ་དང་། འབྲེལ་ཡོད་ལས་ཁུངས་དང་དགོན་པའི་འཐུས་མི་ལ《རྔ་བ་ཁུལ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེན་མོའི་གསུང་འབུམ》ཕུལ། ཚོགས་ཆེན་འདི་མཇུག་བསྒྲིལ་རྗེས། ད་དུང་བོད་བརྒྱུད་ནང་བསྟན་དགོན་པ་དང་རྒྱ་བརྒྱུད་ནང་བསྟན་དགོན་པ་སོ་སོ་དོ་དམ་བྱེད་པའི་ལས་ཀའི་ཉམས་མྱོང་བརྗེ་རེས་བྱ་བའི་ཚོགས་འདུ་འཚོགས།
        ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ། ཞིང་ཆེན་ནང་བསྟན་མཐུན་ཚོགས། དཀར་མཛེས་དང་ལིའང་ཧྲན་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་མི་རིགས་ཆོས་ལུགས་ཨུ། ཁུལ་ནང་བསྟན་མཐུན་ཚོགས་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། ཞིང་ཆེན་ནང་ཁུལ་གྱི་འཇམ་པའི་དབྱངས་སློབ་གླིང་སོགས་རྒྱ་བརྒྱུད་ནང་བསྟན་དགོན་པའི་འཐུས་མི་དང་། ཁུལ་རིམ་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ། ཞིང་ཆེན་ནང་ཁུལ་གྱི་སྙན་གྲགས་ཆེ་བའི་ཆེད་མཁས་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒན་པའི་འཐུས་མི། དེ་མིན་རྫོང་དང་གྲོང་ཁྱེར་རིམ་པའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མི་རིགས་ཆོས་ལུགས་ཨུ་ལྷན། ནང་བསྟན་མཐུན་ཚོགས་སོགས་ཀྱི་འགན་ཁུར་བ་རྣམས་ཚོགས་འདུར་ཞུགས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1