རྔ་བ་ཁུལ་གྱིས་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

གུ་རུ་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 09-27


        གཟའ་འཁོར་འདི་ནི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་ཡིན་ལ། དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་བྱ་འགུལ་སློབ་གྲྭར་བསྐྱོད་ནས་དྲ་རྒྱའི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱས།
        བྱིས་པ་རྣམས་ལ་དྲ་རྒྱའི་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་ངོས་ལེན་བྱ་ཆེད་དུ། དྲིལ་སྒྲོག་མི་སྣ་སློབ་ཁང་དུ་སོང་ནས་རྒྱལ་ནང་ནས་བྱུང་བའི་དྲ་རྒྱའི་བདེ་འཇགས་ཀྱི་དོན་རྐྱེན་གལ་ཆེན་སློབ་མ་རྣམས་ལ་གསོན་ཉམས་ལྡན་པའི་སྒོ་ནས་དྲ་རྒྱའི་མགོ་སྐོར་གཏོང་བར་སྔོན་འགོག་བྱེད་པའི་སློབ་གསོ་བཏང་།  རིམ་པ་རྗེས་མར། སློབ་གྲྭས་སློབ་མ་རྣམས་ལ་དྲ་རྒྱའི་བདེ་འཇགས་སློབ་གསོའི་ཤུགས་ཚད་རྒྱ་བསྐྱེད་དུ་བཏང་ནས་བྱིས་པ་རྣམས་ལ་དྲ་རྒྱ་ལ་མགོ་མི་འཁོར་བ་དང་ཆུང་དུས་ནས་ཡང་དག་བའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་འཛུགས་རྒྱུ་དྲན་སྐུལ་བྱས།།







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1