ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་བའི་ལྗོངས་ཡོངས་ཀྱི་རིག་རྩལ་འཁྲབ་སྟོན་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 09-28


        སྤྱི་ཟླ་9པའི་ཚེས་26ཉིན་གྱི་དགོང་དྲོར།  ལྗོངས་ཏང་ཨུ་དྲིལ་བསྒྲགས་པུའུ་དང་ལྗོངས་རིག་གནས་ཐིང་།  ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་བརྙན་འཕྲིན་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པའི་ཏང་གི་བཀའ་དྲིན་ལ་སྣང་ཆེན་བྱས་ནས་སྲོག་ཤིང་ལ་དགའ་ཞེན་བྱེད།  ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་ཞེས་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བོད་ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་སྤེལ་བ་རེད། 
ལྷོ་ཁའི་འཁྲབ་ཚན་༼ཨར་ཀ༽
མངའ་རིས་ཀྱི་འཁྲབ་ཚན་༼ཞང་ཞུང་གི་ཉམས་འགྱུར།༽    
        ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་འཁྲབ་སྟོན་ནང་ལེ་ཚན་13ཡོད་པ་དེ་དག་ལྗོངས་ཡོངས་ཀྱི་ལེ་ཚན་200 ལྷག་ཙམ་ནང་ནས་འདེམས་སྒྲུག་བྱས་པ་ཤ་སྟག་ཡིན་པ་དང་།  རིག་རྩལ་འཁྲབ་སྟོན་དེ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་དམ་པོར་བསྟུན་ཏེ།  ཕྱོགས་ཡོངས་ནས་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་བཟང་པོ་མངོན་པར་བྱས་ཡོད། །
ཆབ་མདོའི་འཁྲབ་ཚན་༼བྱིའུ་སེར་པོ།༽


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1