ཚེ་ཐག་རིང་བར་ཕན་པའི་ཟས་མཆོག་ལྔ།

ཚུལ་ཁྲིམས་བཟང་པོས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28


ཀུ་ཤུ
ཉིན་རེར་ཀུ་ཤུ་རེ་ཟོས་ན་རྒས་དུས་གཅོས་པའི་ཉེན་ཁ་འགོག་ཅིང་། ཀུ་ཤུ་ནང་དུ་བེ་ཁུ་ཡོད་པས་གཉན་ཁ་འགོག་ཐུབ་པའི་ནུས་པ་ལྡན་པ་མ་ཟད། སྐྲན་ནད་ཚོད་འཛིན་གྱི་ནུས་པ་ལྡན། དེའང་ཀུ་ཤུ་ལ་འཚོ་བཅུད་དངོས་རྫས་དང་གཏེར་རྒྱུ་ཕུན་སུམ་ཚོགས་པ་ལྡན་པས། མིའི་ལུས་ལ་རིམས་ནད་སྔོན་འགོག་གི་ནུས་པ་སྲིང་ཐུབ་པ་མ་ཟད། སྙིང་རྩའི་རྩ་སྦུགས་ལེགས་བཅོས་བྱེད་པའི་ནུས་པ་ལྡན།
ངང་ལག
ངང་ལག་ནི་ཐཱན་ཆུའི་འདྲེས་སྦྱོར་དངོས་རྫས་ཆེས་མོད་པའི་ཤིང་ཏོག་རིགས་ཤིག་ཡིན་པ་མ་ཟད། ད་དུང་གཞི་རྒྱུ་ཕྲ་མོ་འདྲ་མིན་སྣ་ཚོགས་འདུས་ཡོད་པས། མངར་ཆའི་རིགས་ཁྲག་གི་ནང་དུ་མགྱོགས་པར་འདྲེས་པ་འགོག་སྲུང་ཐུབ་པ་དང་། གཞི་རྒྱུ་མཱེ་ཡི་འདུས་ཚད་མོད་པས། ངང་ལག་གཅིག་གིས་མིའི་ལུས་ལ་དུས་ཚོད་ཉེར་བཞི་ལ་མཁོ་བའི་མཱེ་ཡི་གཞི་རྒྱུ་1/6འདོན་སྤྲོད་བྱེད་ཐུབ།
སྒོག་པ།
སྒོས་པས་ཆམ་རིམས་སྔོན་འགོག་བྱེད་ཐུབ་པ་མ་ཟད། ད་དུང་ཕོ་སྐྲན་དང་རྒྱུ་མའི་སྐྲན་ནད་ཀྱི་ཉེན་ཁ་ཇེ་ཆུང་དང་། ཟས་འཇུའི་ནུས་པ་ཇེ་ལེགས་གཏོང་ཐུབ་པ་རེད། གཞན་ཡང་སྒོག་པས་རྩ་སྦུགས་གཙང་སེལ་ལེགས་པོ་བྱེད་པ་དང་ཁྲག་རྩ་འགག་པ་སྔོན་འགོག་བྱེད་ཐུབ་པ་སོགས་ཁྲག་རྩའི་ནད་རིགས་སྔོན་འགོག་གི་ནུས་པ་ཤིན་ཏུ་ལེགས།
ལ་ཕུག
ལ་ཕུག་ལβ—ལ་ཕུག་གཞི་རྒྱུ་ཕུན་སུམ་ཚོགས་པ་ལྡན་པས། རྒྱུད་རྒྱུའི་གྲུབ་ཚུལ་སྲུང་འཛིན་དང་། སྐྲན་ནད་སྔོན་འགོག་བྱེད་ཐུབ་པ་ཟད། ཤ་ལྤགས་ཇེ་ལེགས་དང་མིག་གི་མཐོང་ཤུགས་ཆེ་རུ་གཏོང་ཐུབ།
འོ་མ།
འོ་མ་ནི་འཚོ་བཅུད་ལྡན་པའི་ཟས་རིགས་གལ་ཆེན་ཞིག་ཡིན་པ་དང་། སྤྲི་དཀར་རྫས་དང་། བསྡུ་ལེན་བྱེད་སླ་བའི་ཚིལ་དང་འོ་མའི་མངར་ཆ་ཕུན་སུམ་ཚོགས་པ་ལྡན། གཞན་ཡང་འོ་མའི་ནང་དུ་ཀལ་གྱི་འདུས་ཚད་མོད་པས། གལ་ཏེ་ཆུང་དུས་ནས་འོ་མ་འཐུང་བའི་མི་ཞིག་ལ་ཆ་མཚོན་ན། རྒན་འཁོགས་ཀྱི་དུས་སུ་རུས་པ་སབ་སོབ་འགྱུར་བ་སྔོན་འགོག་དང་། དེ་དང་དུས་མཚུངས་སུ་དབང་རྩའི་མ་ལག་སྲུང་སྐྱོབ་བྱེད་ཐུབ་ལ། ཤ་གནད་དང་རུས་པའི་རྒྱུན་ལྡན་གྱི་ནུས་པ་ལ་མེད་དུ་མི་རུང་བའི་གསོ་བྱེད་བདུད་རྩི་ཞིག་ཡིན་པ་སྨོས་མ་དགོས། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1