ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་འཐུས་མི་2287ཡོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-30



     ཏང་ཀྲུང་དབྱང་གི་གཅིག་འགྱུར་གྱི་བཀོད་སྒྲིག་ལ་གཞིགས་ནས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི་འདེམས་བསྐོའི་ལས་ཀ་བདེ་བླག་ངང་ལེགས་འགྲུབ་བྱུང་ཞིང་། རྒྱལ་ཡོངས་ཀྱི་འདེམས་བསྐོའི་སྡེ་ཚན་ཁག་སོ་སོས་ཏང་གི་འཐུས་མིའི་ཚོགས་ཆེན་ནམ་ཏང་གི་འཐུས་མིའི་གྲོས་ཚོགས་འཚོགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་འཐུས་མི་2287བདམས་ཐོན་བྱུང་ཡོད་པ་རེད།
     ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ནི་ཏང་གི་སྒྲིག་ཡིག་དང་ཀྲུང་དབྱང་གི་འཐུས་མི་འདེམས་བསྐོའི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་བླང་བྱར་ནན་གྱིས་གཞིགས་པ་དང་། ཏང་གི་འགོ་ཁྲིད་དང་དམངས་གཙོ་དར་སྤེལ་གཅིག་གྱུར་དམ་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འོག་ནས་གོང་བར་དང་། གོང་འོག་ཟུང་འབྲེལ། ནང་གྲོས་ཡང་ཡང་། རིམ་པ་བཞིན་གདམ་གསེས་བཅས་ཀྱི་བྱ་ཐབས་ལག་བསྟར་བྱས་ནས་བདམས་ཐོན་བྱུང་བ་རེད།
     བདམས་ཐོན་བྱུང་བའི་འཐུས་མི་ཚོ་སྤྱིའི་ཆ་ནས་ཀྲུང་དབྱང་གིས་གཏན་འབེབས་གནང་བའི་ཆ་རྐྱེན་དང་མཐུན་ཞིང་། བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་ཅུང་མཐོ་བ་དང་། ཀུན་སྤྱོད་དང་སྤྱོད་ལམ་བཟང་པོ། དོན་གྲོས་བྱེད་ནུས་ཆེ་ཙམ་ལྡན་པ་བཅས་ཡིན་པ་དང་། སོ་སོའི་ལས་གནས་སུ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད་ལ། གུང་ཁྲན་ཏང་ཡོན་ཁྲོད་ཀྱི་་ཕུལ་བྱུང་ཅན་ཡིན་པ་དང་། འཐུས་མི་གྲུབ་ཚུལ་དང་ཁྱབ་སྟངས་ལུགས་དང་ཅུང་མཐུན་པ་ཡིན་ཞིང་། གྲུབ་ཚུལ་ཁག་གི་བསྡུར་ཚད་ཚང་མ་ཀྲུང་དབྱང་གི་བླང་བྱ་དང་མཐུན་པ་དང་། འཐུས་ཚབ་ཀྱི་རང་བཞིན་ཁྱབ་རྒྱ་ཆེན་པོ་ལྡན་པ་རེད། ཁོང་ཚོའི་ཁྲོད་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཡོད་ལ། ཐོན་སྐྱེད་དང་ལས་ཀའི་འཐབ་ཕྱོགས་དང་པོའི་ཏང་ཡོན་ཡང་ཡོད་པ་དང་། གྲངས་ཚད་ངེས་ཅན་གྱི་བུད་མེད་ཏང་ཡོན་དང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཡོད་པ། དཔལ་འབྱོར་དང་ཚན་རྩལ། རྒྱལ་སྲུང་། སྲིད་ཁྲིམས། སློབ་གསོ། དྲིལ་བསྒྲགས། རིག་གནས། འཕྲོད་བསྟེན། ལུས་རྩལ། སྤྱི་ཚོགས་དོ་དམ་སོགས་ཕྱོགས་གང་ཅིའི་འཐུས་མི་ཡོད་པ་རེད།
     ཏང་གི་འཐུས་མིའི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་འཐུས་མིའི་ཐོབ་ཐང་སྐབས་ཐོག་ད་དུང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་དངོས་སུ་ཁས་ལེན་བྱ་དགོས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1