ཧུང་ཡོན་ནས་ལྷ་སའི་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་བྱས་པ།

ཚེ་པེས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 10-09


        རྔ་བ་ཁུལ་གྱི་ཁོངས་ཡོངས་ཀྱི་ལྗོངས་སྐོར་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། རོང་འབྲོག་མང་ཚོགས་ལ་སྟབས་བདེ་དང་མགྱོགས་མྱུར་ངང་ཕྱིར་སྐྱོད་ཞབས་ཞུའི་ལམ་ཆེན་ཞིག་བསྐྲུན་ཆེད། 2017ལོའི་ཟླ་10བའི་ནང་། ཧུང་ཡོན་གནམ་གྲུ་ཐང་གིས་ཧུང་ཡོན་ནས་ལྷ་སའི་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་རྒྱུ་རེད། མཁའ་ལམ་དེ་ཧུང་ཡོན་གནམ་གྲུ་ཐང་ནས་ཁྲེང་ཏུའུ་དང་ཁྲེང་ཆིང་བར་གྱི་མཁའ་ལམ་གཉིས་ཤར་གཏོང་བྱུང་རྗེས་ཀྱི་མཁའ་ལམ་གསུམ་པ་ཡིན་པ་དང་། རང་ཁུལ་ནས་བོད་ཁུལ་གཞན་པར་བསྐྱོད་པའི་ལམ་ཐག་རིང་བའི་མཁའ་ལམ་ཐོག་མ་ཞིག་ཡིན། 
        མཁའ་ལམ་དེ་ཤར་གཏོང་ཐུབ་པ་ལས་ཧུང་ཡོན་གནམ་གྲུ་ཐང་གི་ལྗོངས་སྐོར་དཔལ་འབྱོར་གླིང་ཁུལ་བསྐྲུན་པ་དེ་དུས་རིམ་གསར་བར་སླེབས་པ་མཚོན་པ་དང་། སི་ཁྲོན་དང་ཀན་སུའུ། མཚོ་སྔོན་སོགས་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་སྤེལ་རེས་ལ་དགེ་མཚན་གྱི་ནུས་པ་འདོན་ངེས། 
        ཧུང་ཡོན་གནམ་གྲུ་ཐང་གིས་གོ་སྐབས་དེ་དམ་འཛིན་བྱས་ཏེ། ཧུར་བརྩོན་གྱིས་ལས་སྒོ་གསར་གཏོད་དང་ལས་སྒོ་སྤེལ་བ་བརྒྱུད། ལྗོངས་སྐོར་དང་། གནས་སྐོར་སོགས་ལ་འཚམ་པའི་སྣ་མང་ཅན་གྱི་ལྗོངས་སྐོར་དང་ཐོན་རྫས་འདོན་རྒྱུ་རེད། སྐབས་དེར་ལྗོངས་རྒྱུ་བ་མང་བོ་རང་ཁུལ་དུ་ལྗོངས་སྐོར་བྱེད་དུ་འོང་བའི་ཡིད་དབང་འགུག་པ་དང་། ཁུལ་ཡོངས་ཀྱི་ལྗོངས་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་རེད།


  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1