རྔ་བ་ཁུལ་གྱིས་ཁྲིམས་སྐྱོང་རྟོག་ཞིབ་གསབ་སྦྱོང་མེ་ཧྲན་ནས་སྤེལ།

དཔལ་འཚོ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-11


        ཉེ་སྔོན། རྔ་བ་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་ཁྲིམས་ལྟར་བཅོས་སྐྱོང་འགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་གིས་རང་ཁུལ་གྱིས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀའི་རྟོག་ཞིབ་གསབ་སྦྱོང་མེ་ཧྲན་གྲོང་ཁྱེར་ནས་སྤེལ། 
        ཐེངས་འདིའི་རྟོག་ཞིབ་ལས་མེ་ཧྲན་གྲོང་ཁྱེར་ཁྲིམས་སྐྱོང་འཛུགས་བསྐྲུན་འབྲེལ་ཡོད་སྒྲིག་གཞི་བྱ་བའི་འགན་འཁྲི་དང་ཐབས་ལམ། ཐབས་ཤེས་སོགས་རྒྱུས་ལོན་བྱས། མེ་ཧྲན་གྲོང་ཁྱེར་ཁྲིམས་སྐྱོང་འཛུགས་བསྐྲུན་ཐད་ཀྱི་རྒྱལ་ཁ་དང་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས་རང་ཁུལ་གྱིས་ཁྲིམས་ལྟར་བཅོས་སྐྱོང་ལས་ཀ་སྐུལ་འདེད་བཏང་སྟེ། རྔ་བ་ཁུལ་གྱི་སྤྱི་ཚོགས་དོ་དམ་དང་སྤྱི་ཚོགས་འཛུགས་བསྐྲུན་གྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། རང་ཁུལ་གྱི་ལས་བྱེད་མི་སྣ་བརྒྱད་བཅུ་ལྷག་རྟོག་ཞིབ་གསབ་སྦྱོང་དུ་ཞུགས། 
        གསབ་སྦྱོང་མཇུག་སྒྲིལ་རྗེས། ཚང་མས་གཅིག་རྗེས་གཉིས་མཐུད་སྒོས་སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ནས། ཞིང་ཆེན་དང་ཁུལ་གྱི་ཐེངས་བཅུ་གཅིག་པའི་ཏང་གི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་། གནས་བབས་གསར་བའི་འོག་གི་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་འགན་ཁུར་གསར་བ་ལ་ཤུགས་བསྣན་ནས་ཁྲིམས་སྐྱོང་གི་བསམ་ཕྱོགས་དང་ཁྲིམས་བཅོས་ཀྱི་ཐབས་ཤེས་སོགས་ཀྱི་ལས་ཀའི་ནུས་པ་འདོན་སྤེལ་བྱས་ཏེ། ཁྲིམས་བཅོས་ཀྱི་རྔ་བ་འཛུགས་བསྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཟེར། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1