རྔ་བ་ཁུལ་གྱི་ལས་བྱེད་དང་མང་ཚོགས་ཀྱིས་དེང་སྐབས་ལ་ལྟ་བ་ཞེས་པར་བལྟས།

ལམ་བཟང་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 10-12


        རྔ་བ་ཁུལ་གྱི་ལས་བྱེད་མི་སྣ་དང་མང་ཚོགས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་བཏང་བའི་དེང་སྐབས་ལ་ལྟ་བ་ཞེས་པའི་ལེ་ཚན་ལ་བལྟས། 
        ཉེ་ལམ། སྨྱན་བྱད་ལེ་ཚན་དེང་སྐབས་ལ་ལྟ་བ་ཞེས་པ་དེ་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་བསྒྲགས་ཡོད་པ་རེད། དེའི་བརྗོད་བྱ་གཙོ་བོ་ནི་ཏང་གི་སྐབས་བཅོ་བརྒྱད་པ་ནས་བཟུང་། སི་ཁྲོན་གྱིས་གསར་བཏོད་དང་སྙོམས་སྒྲིག ལྗང་མདོག སྒོ་འབྱེད། མཉམ་སྤྱོད་སོགས་ཀྱི་ཐད་ནས་གྲུབ་འབྲས་བླངས་པ་དེས་མི་དམངས་ལ་བརྩོན་སེམས་བསྐྱེད་ཡོད་ལ། བརྙན་གཏོང་སྐབས་རྔ་བ་ཁུལ་གྱི་ལས་བྱེད་མི་སྣ་དང་མང་ཚོགས་ཀྱིས་བརྙན་འཕྲིན་དང་། ཡང་ན་སི་ཁྲོན་ལ་ལྟ་རྟོགས་ཟེར་བའི་དྲྭ་ལམ་བརྒྱུད་ནས་བརྙན་དེར་བལྟས་པ་རེད།  
        རྔ་བ་ཁུལ་གྱི་ས་ཆ་སོ་སོ་ནས་མི་མང་མང་ཚོགས་ལྷན་དུ་འདུས་སྡོད་བྱས་ནས་བརྙན་འཕྲིན་དེང་སྐབས་ལ་ལྟ་བ་ཟེར་བར་བལྟས་ལ། ཚང་མའི་གཅིག་མཚུངས་ཀྱི་ལྟ་བར། ཏང་གི་སྐབས་བཅོ་བརྒྱད་པ་ནས་བཟུང་། སི་ཁྲོན་ལ་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག  ཉིན་རེར་འཕེལ་རྒྱས་དང་ལས་དོན་ཐད་དར་འཕེལ་བྱུང་བ་རེད། ལྷག་ཏུ་དམངས་ཕན་སྲིད་ཇུས་མི་རིགས་ས་ཁུལ་དུ་སྤེལ་བ་དེས། མི་དམངས་ཀྱི་འཚོ་བའི་ཐད་བླ་ན་མེད་པའི་འགྱུར་ལྡོག་བྱུང་བ་མཚོན་ཡོད།  
        བརྙན་འཕྲིན་ལས་སི་ཁྲོན་གྱི་འགྱུར་ལྡོག་མཐོང་ཐུབ་ལ། ང་ཚོ་ལ་བརྩོན་སེམས་གཅིག་ཏུ་བསྡུ་བ་དང་། གནད་འགག་ལས་ཐར་བའི་ལོ་རྒྱུས་འཆད་ནས། མཛེས་སྡུག་ལྡན་པའི་སི་ཁྲོན་ངོ་སྤྲོད་བྱས་ཡོད།།  






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1