ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-18


        ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་རྣམ་པས་སྤྱི་ཟླ་10པའི་ཚེས་17ཉིན་གྱི་ཞོགས་པར་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ཚོགས།  ཞིང་ཆེན་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་པ་རེད།  
        ཚོགས་འདུ་ལས་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་ལ།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མི་སྣ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མི་སྣ། དྲུང་ཡིག་ཆེན་མོའི་གྲོས་གཞིའི་མིང་ཐོ་སོགས་ལ་རྒྱུས་ལོན་བྱས་པ་དང་།  ཝང་ཏུང་མིང་སི་ཁྲོན་ཞིང་ཆེན་འཐུས་མི་ཚོགས་པའི་ཚོགས་གཙོ་དང་།  དབྱིན་ལི་དང་ཏེང་ཞའོ་ཀང་ཚོགས་གཙོ་གཞོན་པ།  ཝང་མིང་ཧེའུ་དྲུང་ཡིག་ཆེན་མོར་བདམས། 
        ཝང་ཏུང་མིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཚུན་ལ།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གིས་ཚན་རིག་ལྟར་དེང་གི་འཛམ་གླིང་དང་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཀྱི་རྣམ་པར་ངོས་འཛིན་བྱས་པ་དང་། ཆབ་སྲིད་ཀྱི་སྟོབས་ཤུགས་དང་འགན་འཁྲི་ཁག་ཁུར་གྱི་སྤོབས་པ་ཆེན་པོས་དར་ཆ་གསལ་བསྒྲེང་དང་རྒྱལ་དོན་ལ་བསམ་གཞིག  འགག་སྒྲོལ་དཀའ་སེལ། གསར་གཏོད་ཡར་སྐུལ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་བླངས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་ལ་ཁྱོན་ཡོངས་འཛིན་སྐྱོང་།  མིག་རྒྱང་རིང་ལ་བསམ་བློ་གཏིང་ཟབ་པ།  ནང་དོན་ཕུན་སུམ་ཚོགས་པ།   ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན།  འཛུབ་སྟོན་རང་བཞིན་དང་དམིགས་བསལ་རང་བཞིན་དྲག་པོ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་རྒྱུས་ལོན།  ལག་བསྟར་དང་དོན་འཁྱོལ་ལེགས་པོ་བྱས་ནས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་དང་གཅིག་གྱུར་ཡོང་བར་བྱ་དགོས་ཞེས་བསྟན། 
        ཝང་ཏུང་མིང་གིས་ཏང་གིས་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁའི་དུས་རིམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་འཚོགས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན་ལ། ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པ། “བརྒྱ་ལོ་གཉིས”ཀྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་བསམ་མངོན་འགྱུར་བྱེད་པ་བཅས་ལ་དོན་སྙིང་ཆེན་པོ་ལྡན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་ལེགས་པོར་འཚོགས་པ་ནི་ཏང་དང་མི་དམངས་ཀྱིས་འཐུས་མི་ཡོངས་ལ་བསྩལ་བའི་གཟི་བརྗིད་ཀྱི་ཆབ་སྲིད་འོས་འགན་ཡིན་ལ། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དོན་དངོས་དང་མཐུན་པར་གཟི་བརྗིད་ཀྱི་འོས་འགན་འདི་དང་དུ་བླངས་ནས་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་འབད་པ་བྱ་དགོས་ཞེས་བསྟན།
        ཝང་ཏུང་མིང་གིས་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་པར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ལེགས་པོར་ཞུགས་པར་བླང་བྱ་བཞི་བཏོན་པ་སྟེ། གཅིག་ནས་འོས་འགན་ལ་ངོས་འཛིན་གསལ་པོ་བྱས་ནས་འགན་ཁུར་གྱི་འདུ་ཤེས་ཡོད་པའི་སྒོ་ནས་ཚོགས་ཆེན་ལ་ལེགས་པོར་ཞུགས་དགོས། གཉིས་ནས་དར་ཆ་གསལ་བསྒྲེང་སྒོས་ཆབ་སྲིད་སྒྲིག་ལུགས་སྲུང་བ་དེ་རེ་བ་དང་པོ་བཟུང་ནས་ཚོགས་ཆེན་གྱི་གོ་རིམ་ཡོངས་སུ་ལག་བསྟར་དོན་འཁྱོལ་བྱ་དགོས། གསུམ་ནས་ཆབ་སྲིད་ཀྱི་སྤྲོ་སྣང་དང་བསམ་བློའི་སྤྱོད་ཚུལ་ལེགས་པོས་འོས་འགན་ལེགས་པོར་འགྲུབ་དགོས། བཞི་ནས་སྒྲིག་ཁྲིམས་དང་བླང་བྱ་ཁག་ལེགས་པོར་སྲུང་ནས་མཉམ་དུ་དྭངས་གཙང་གི་ཚོགས་ཆེན་མཁའ་དབུགས་ཤིག་བསྐྲུན་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1