གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༢༠ཉིན།

སི་ཁྲོན་གྱི་འཐུས་མི་ཚོགས་པས་མུ་མཐུད་དུ་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་གྲོས་བསྡུར་བྱས་པ།

        ཟླ་10བའི་ཚེས་19ཉིན་གྱི་ཕྱི་དྲོར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཞུགས་པའི་སི་ཁྲོན་གྱི་འཐུས་མི་ཚོགས་པས་བཅའ་སྡོད་བྱེད་གནས་སུ་ཚོ་ཆུང་བགོས་ནས་མུ་མཐུད་དུ་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་གྲོས་བསྡུར་བྱས་ཤིང་། བློ་མཐུན་ཝང་དབྱང་དང་ཚའོ་ཅན་མིང་གཉིས་སི་ཁྲོན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་གྲོས་ཚོགས་ལ་ཞུགས་པ་དང་འཐུས་མི་ཚོགས་པའི་ཚོགས་གཙོ་ཝང་ཏུང་མིང་གྲོས་བསྡུར་གྲོས་ཚོགས་ལ་ཞུགས།  འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དབྱིན་ལི་དང་ཏེན་ཞའོ་ཀང་གཉིས་ཀྱིས་ཚོ་ཆུང་གཉིས་ཀྱི་གྲོས་བསྡུར་གྲོས་ཚོགས་ལ་གཙོ་སྐྱོང་གནང་། 

        ཚོང་འཛོམས་གྲོས་ཚོགས་རྒྱལ་ཁབ་ཕྱི་ནང་གི་འཕྲིན་སྦྱོར་ཁག་ལ་སྒོ་ཕྱེས་ཤིང་རྒྱལ་ཁབ་ཕྱི་ནང་གི་འཕྲིན་སྦྱོང་ལས་ཁུངས་82ཀྱི་གསར་འགོད་པ་102གྲོས་ཚོགས་ལ་ཟུར་ཞུགས་བྱས། 


        ཝང་ཡན་ཧྥེ་དང་ཉི་ཞུའེ་མའེ། ལིན་ཧྲུའུ་ཁྲེན། ཀན་ལིན། ཡའོ་སི་ཏན་སོགས་འཐུས་མི་རྣམས་ཀྱིས་ཕྱོགས་མི་འདྲ་བའི་ངོས་ནས་དོན་དངོས་ཀྱི་བྱ་བ་དང་བསམ་བློ་དངོས་དང་ཟུང་འབྲེལ་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་བཅས་ལ་དམིགས་ནས་གྲོས་བསྡུར་དང་གསུང་བཤད་གནང་།

        འཐུས་མི་རྣམས་ཀྱིས་ལོ་ལྔའི་རིང་དུ་རང་རེའི་ཏང་གི་རླབས་ཆེ་བའི་ཆབ་སྲིད་ཀྱི་གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་ལྟེ་བའི་གོ་གནས་གཏན་འཁེལ་བྱས་པ་དེ་ཡིན་པར་མ་ཟད། གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་བླངས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ནང་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་བསམ་བློ་ཆགས་པ་དེ་ཡིན་ལ། ཁོང་གིས་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་ཁྲོད་དུ་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་སྐབས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་བཅས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་བརྩི་བཀུར་ཐོབ་ཡོད་པ་རེད་ཅེས་གསུངས།  

        འཐུས་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུ་ཡིས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ལེན་པ་དང་། དུས་སྐབས་གསར་པའི་ཁྲོད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་བཞག་ལ་རྒྱལ་ཁ་ལེན་པ་དེ་མཚོན་པར་བྱས། ཏང་གི་འཐུས་མི་ཞིག་ཡིན་པའི་ངོས་ནས་ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ། དྲིལ་བསྒྲགས་རྒྱ་སྐྱེད་དང་ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ཡོང་བ་བྱ་དགོས་པར་མ་ཟད། “འདུ་ཤེས་བཞི”སྲ་བརྟན་དུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་ཆ་དང་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ལེན་པའི་གནད་འགག་གི་དུས་སྐབས་སུ་བྱས་རྗེས་གསར་པ་འཇོག་པ་དང་སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་གཏོང་བ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ། མགྱོགས་མྱུར་སྒོས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་སི་ཁྲོན་འཛུགས་སྐྲུན་བྱ་ཆེད་རང་ནུས་ཅི་ལྕོག་གིས་སྟོབས་ཤུགས་འདོན་རྒྱུ་ཡིན་པའི་བསམ་ཚུལ་བསྟན་པ་རེད།།  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1