ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 10-21


        ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པས་སྤྱི་ཚེས་20ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོར་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། བློ་མཐུན་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་།
        ཚོགས་ཆེན་གྱི་དྲུང་ཆེ་ལིའུ་ཡུན་ཧྲན་གྱིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འོས་སྒུག་མི་སྣ་དང་གྲ་སྒྲིག་མི་སྣའི་གྲོས་འགོའི་མིང་ཐོར་གསལ་བཤད་གནང་།
        གྲོས་ཚོགས་ཐོག སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་ཆོད་འཆར་ཟིན་བཅས་འཐུས་མི་ཚོགས་པ་ཁག་ལ་གྲོས་བསྡུར་བྱ་རྒྱུར་བསྐྱལ་རྒྱུའི་གྲོས་འཆམ་བྱུང་།
        གྲོས་ཚོགས་ཐོག སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འོས་སྒུག་མི་སྣ་དང་གྲ་སྒྲིག་མི་སྣའི་གྲོས་འགོའི་མིང་ཐོར་གྲོས་འཆམ་བྱུང་ནས་འཐུས་མི་ཚོགས་པ་ཁག་ལ་ནང་མོལ་བྱ་རྒྱུར་བསྐྱལ་ཡོད་པ་རེད།
        གྲོས་ཚོགས་ཐོག འཐུས་མི་ཚོགས་པ་ཁག་གིས་ནང་མོལ་བྱས་པའི་ཚོགས་ཆེན་གྱི་འདེམས་བསྐོའི་བྱ་ཐབས་ལ་གྲོས་འཆམ་བྱུང་། གྲོས་ཚོགས་ཐོག་ད་དུང་། འདེམ་ཤོག་གི་ལྟ་སྐུལ་མི་སྣ་དང་འདེམ་ཤོག་གི་སྤྱི་ཁྱབ་ལྟ་སྐུལ་མི་སྣའི་མིང་ཐོར་གྲོས་འཆམ་བྱུང་ཡོད་པ་དང་། དངོས་སུ་འདེམས་བསྐོ་བྱེད་སྐབས་ཚོགས་ཆེན་ལ་གྲོས་འཆམ་བྱ་རྒྱུར་དབུལ་རྒྱུ་ཡིན་པ་རེད།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1