རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོས་ཀྲུང་གོའི་ལུགས་ཀྱི་རྒན་གསོའི་ཞབས་ཞུར་བསྟོད་བསྔགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-23


        ཟླ་10ཚེས་12ཉིན་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་བཅུ་ཕྲག་ཁ་ཤས་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་སུ་བསྐྱོད་དེ་རྒན་གསོའི་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ཤེས་རྟོགས་བྱས་ཏེ་ཀྲུང་གོ་ལུགས་ཀྱི་རྒན་གསོའི་ཞབས་ཞུར་བསྟོད་བསྔགས་བྱས་པ་དང་། “བློ་སྒོ་ཧ་ཅང་ཆེན་པོ་ཕྱེ་བྱུང”ཞེས་བསྟན་པ་རེད། ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གཞི་རིམ་ཏང་ལེགས་སྐྱོང་དང་ཚན་རྩལ་གསར་གཏོད་སོགས་འདུས་པའི་ལམ་ཐིག་15ཡི་བཅར་འདྲིའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོར་ཐག་ཉེ་ས་ནས་ཀྲུང་གོ་རྒྱུས་ལོན་པ་དང་ཀྲུང་གོ་གུང་ཁྲན་ཏང་རྒྱུས་ལོན་པར་བྱེད་དུ་བཅུག་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1