གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༢༣ཉིན།

ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཞིང་ལས་ཚན་རྩལ་གསར་གཏོད་སྐོར་གྱི་མཉམ་སྡེབ་བཅར་འདྲི་གཉེར་བ།

        ཟླ་10ཚེས་21ཉིན། ཀྲུང་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་བརྗོད་གཞིར"ཞིང་ལས་ཚན་རྩལ་གསར་གཏོད"ཞེས་པའི་མཉམ་སྡེབ་བཅར་འདྲིའི་བྱེད་སྒོ་གཉེར་ཞིང་། ཞིང་ལས་པུའུ་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་འགོ་འཛིན། ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་རམས་པ་བཅས་ཡིན་པའི་ཐང་ཧྭ་ཅུན་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་ལོ་ཏོག་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དང་རྒྱལ་ཁབ་ཀྱི་གྲོ་ལེགས་བཅོས་ལྟེ་གནས་ཀྱི་ཀྲུའུ་རེན་ཧོ་ཀྲུང་ཧུའུ། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཞིང་ལས་ཁོར་ཡུག་དང་རྒྱུན་མཐུད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དང་ཞིང་ལས་པུའུ་ཡི་སྤྲོ་གསེང་ཞིང་ལས་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་ཝེ་ལིང་ལིང་། ཞིང་ལས་པུའི་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་གི་གྲོང་གསེབ་ཀྱི་ནུས་པའི་འབྱུང་ཁུངས་དང་ཁོར་ཡུག་སྲུང་སྐྱོང་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཧྲེན་ཡུས་ཅུན། ཅང་ཞི་ཞིང་ཆེན་ཨན་དབྱི་རྫོང་འབྲུ་འདེབས་དུད་ཁྱིམ་ཆེ་གྲས་དང་ལུའི་ནེང་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ལིན་ཅི་ཧོ་བཅས་ཀྱིས་བཅའ་འདྲི་དང་ལེན་བྱས་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1